ཉིང་ཁྲི་གྲོང་ཁྱེར་གྱི་རོང་འབྲོག་པས་གནས་སྐོར་ལས་རིགས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིང་ཁྲི་རུ་འཛམ་གླིང་རིམ་པའི་རང་བྱུང་མཛེས་ལྗོངས་ཐོན་ཁུངས་ཡོད། རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་གཙོ་གནད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཚད་རྒྱུན་ཆད་མེད་པར་ཇེ་མང་དུ་གཏོང་བའི་འོག ཉེ་བའི་ལོ་འགའི་རིང་། ཉིང་ཁྲི་སྨན་གླིང་གནམ་གྲུ་ཐང་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་ཤར་གཏོང་བྱས་པ་དང་བསྒྱུར་བཀོད་རྒྱས་སྐྲུན་བྱས་པ། ཁྲོན་བོད་གཞུང་ལམ་བསྒྱུར་བཀོད་རིམ་སྤོར་བྱས་པ། ལྷ་ས་ནས་ཉིང་ཁྲི་བར་གྱི་མཐོ་རིམ་གཞུང་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་པ་ལས་ཉིང་ཁྲི་གྲོང་ཁྱེར་དེ་ལྷ་ས་ཕུད་པའི་གནས་སྐོར་བ་བོད་ལྗོངས་སུ་ཡོང་བའི་བགྲོད་ལམཆེས་གལ་ཆེན་དང་ཆེས་སྟབས་བདེ་རུ་གྱུར་ཡོད།

གསར་འགོད་པས་བོད་ཤར་རྒྱུད་ཀྱི་ཉིང་ཁྲི་རུ་བཅར་འདྲི་བྱེད་སྐབས། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་གནས་སྐོར་དེ་མཛེས་ལྗོངས་ལ་བལྟ་བ་ནས་ཐོན་ལས་མཉམ་འདྲེས་རིམ་སྤོར་གྱི་ཕྱོགས་སུ་འགྱུར་བཞིན་ཡོད་པ་དང་རོང་འབྲོག་མང་ཚོགས་ཀྱི་གནས་སྐོར་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་པ་མཐོང་། དེང་སྐབས། ཉིང་ཁྲིས“གྲོང་ཚོ་རེར་སྤུས་རྟགས་རེ་དང་ཁྱད་ཆོས་རེ་དང་རྩ་འཛུགས་རེ་ཡོད་པའི”འཛུགས་སྐྲུན་ཚད་གཞི་གཞིར་བཟུང་སྟེ། གྲོང་གསེབ་ཀྱི་གནས་སྐོར་དཔེ་སྟོན་གྲོང་ཚོ18ཀྱི་རྣམ་གྲངས་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད། རིག་ལྡན་གནས་སྐོར་སྐྲུན་པ་བརྒྱུད་གྲོང་གསེབ་ཀྱི་གནས་སྐོར་ཆ་འཕྲིན་ཅན་གྱི་རྣམ་གྲངས20འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། “གནས་སྐོར+”དང“གནས་སྐོར”གྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱིས་གནས་སྐོར་ཐོན་ལས་སྦྲེལ་ཐག་རྒྱུན་མི་ཆད་པར་རྒྱ་ཆེར་བཏང་ནས་གྲོང་གསེབ་ཀྱི་སྐྱེ་ཁམས་གནས་སྐོར་ཐོན་ཁུངས་སྣ་ཚོགས་སྐུལ་སློང་གང་ལེགས་བྱས་ཡོད། 2019ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་གནས་སྐོར་བ་མི་ཐེངས་ཁྲི864ལ་སྣེ་ལེན་བྱས་ཤིང་། གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར72ལ་སླེབས་པ་དང་དེ་དུས་མཚུངས་ལས20%ལས་བརྒལ་ཡོད། སྐྱེ་ཁམས་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཉིང་ཁྲིའི་རྫོང(ཆུས)7གྱི་ཁྱིམ་ཚང6900ལྷག་དང་རོང་འབྲོག་པ་དབུལ་བོ་ཁྲི2.38ཚང་མ་དབུལ་ཞྭ་ཕུད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།