ཆབ་མདོ་གྲོང་ཁྱེར་གྱི་འཛད་སྤྱོད་དབུལ་སྐྱོར་ལ་ཕན་འབྲས་ལེགས་པོ་ཐོན་ནས་དབུལ་སྐྱོར་ཐོན་རྫས་ཐད་ཚོང་བྱེད་ཤུགས་ཇེ་ཆེར་བཏང་།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་རིང་ཆབ་མདོ་གྲོང་ཁྱེར་གྱིས་འཛད་སྤྱོད་དབུལ་སྐྱོར་ལས་དོན་སྤེལ་བར་ཤུགས་བསྣན་ཏེ། དབུལ་སྐྱོར་ཐོན་རྫས་གྲོང་ཁྱེར་དུ་ཐད་ཚོང་བྱེད་ཤུགས་ཇེ་ཆེར་བཏང་ཞིང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་འཛད་སྤྱོད་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱས་ཏེ་འཛད་སྤྱོད་འཕར་བར་སྐུལ་ཁྲིད་བྱས་པས་ཕན་འབྲས་ལེགས་པོ་ཐོབ་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ཆབ་མདོ་གྲོང་ཁྱེར་གྱིས་ཟླ8པར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་ཏེ་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི11514.58ལ་སླེབས་པ་དང་། ཟླ་སྔོན་མ་ལས74.61%འཕར་ཡོད། ཟླ1པོ་ནས་ཟླ8པའི་བར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་བར་བརྒྱུད་དེ་ཕྱིར་ཚོང་དངུལ་འབོར་བསྡོམས་པས་སྒོར་ཁྲི26758.54ལ་སླེབས་ཡོད།

ད་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་དང་། ཁེ་ལས་ལས་དོན་ལས་ཁུངས། བོད་སྐྱོར“ཞིང་ཆེན་གསུམ་དང་ཁེ་ལས་དྲུག”སོགས་ཀྱི་སྟོབས་ཤུགས་འཛད་སྤྱོད་དབུལ་སྐྱོར་ལས་དོན་ཁྲོད་ཞུགས་པར་སྐུལ་སློང་ཧུར་ཐག་བྱས་ནས་འཛད་སྤྱོད་དབུལ་སྐྱོར་ལས་དོན་ལ་མཉམ་དུ་སྐུལ་འདེད་བཏང་། གྲོང་ཁྱེར་དབུལ་སྐྱོར་གཞུང་དོན་ཁང་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ། དྭངས་གཙང་ལྷད་མེད་ཐོན་ལས་དངུལ་གཏོང་ཚད་ཡོད་འགན་འཁྲི་ཀུང་སི་བཅས་དང་མཉམ་དུ《2020ལོར་ཆབ་མདོ་གྲོང་ཁྱེར་གྱི་གཅེས་སེམས་ཀྱིས་འཛད་སྤྱོད་དབུལ་སྐྱོར་ལ་རོགས་རམ་བྱེད་པའི་བྱ་སྤྱོད་ཇུས་གཞི》ཞིབ་འཇུག་བྱས་ནས་གཏན་འབེབས་བྱས། གྲོང་ཁྱེར་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས117ལེགས་སྒྲིག་བྱས་ཏེ་འཛད་སྤྱོད་པར་འོས་སྦྱོར་ངོ་སྤྲོད་བྱས། བསྡོམས་རྩིས་བྱས་པ་ལྟར་ན། ཟླ1པོ་ནས་ཟླ7པའི་བར་ཆབ་མདོ་གྲོང་ཁྱེར་གྱི་འཛད་སྤྱོད་དབུལ་སྐྱོར་ཐད་སྒོར་ཁྲི2991.41མངོན་འགྱུར་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།