གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་ཧྲང་ཧའེ་རུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས25ཉིན།  “ཧྲང་ཧའེ་རུ་ལྷན་འཛོམས་བྱུང་སྟེ་མཉམ་ལས་གཉིས་ཕན་བྱེད”ཅེས་པའི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་ཧྲང་ཧའེ་གྲོང་ཁྱེར་དུ་འཚོགས། ཚོགས་འདུའི་སྟེང་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཚོང་དོན་ཅུའུ་ཡི་འགན་འཁུར་བས་གྲོང་ཁྱེར་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་གྱི་གཙོ་གནད་ཁྱབ་ཁོངས་དང་གཟིགས་སྐྱོང་སྲིད་ཇུས་འོས་སྦྱོར་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འགན་འཁུར་བས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་དངུལ་གཏོང་ལས་སྤེལ་གྱི་ཁོར་ཡུག་ངོ་སྤྲོད་བྱས། ས་སྐྱ་རྫོང་དང་ལྷ་རྩེ་རྫོང་གི་འཐུས་མིས་རྫོང་དེའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྫོང་སོ་སོའི་ཚོང་འགུག་དངུལ་འདྲེན་གྱི་རྣམ་གྲངས་ངོ་སྤྲོད་བྱས་པ་རེད།

W020200928353952121772.jpg

འདི་ནི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུའི་ཡུལ་དངོས་རེད།

ཡུལ་དངོས་སུ་འབྲེལ་ཡོད་ཁེ་ལས་དང་རང་སྐྱོང་ལྗོངས་འབྲེལ་ཡོད་ཕྱོགས་ཀྱིས་རྣམ་གྲངས5ལ་མིང་རྟགས་བཀོད་དེ་མ་དངུལ་སྒོར་དུང་ཕྱུར3.13ལྷག་གི་གན་རྒྱ་བཞག ཁེ་ལས་སོ་སོས་རང་ངོས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་གཞིས་ཀ་རྩེའི་ས་ཁོངས་ཡོངས་ཀྱི་རིག་ལྡན་རིག་གནས་ཡུལ་སྐོར་ཞབས་ཞུའི་སྟེགས་བུ་བསྐྲུན་པའི་དམིགས་འབེན་ལ་གཞོགས་འདེགས་བྱས་ཤིང་། གཞིས་ཀ་རྩེའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཉི་ནུས་ནུས་ཁུངས་གཞན་སྒྱུར་ལག་རྩལ་གྱིས་དྲོད་རླངས་མཁོ་འདོན་དང་གསོ་རླུང་མཁོ་འདོན་ལས་གཞིའི་ཐད་ཀྱི་བཟང་ཆ་འདོན་སྤེལ་བྱས་ནས། མཐོ་སྒང་གི་འཚོ་སྡོད་སྐྱིད་སྣང་ལྡན་པའི་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་གཞིས་ཀ་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མ་དངུལ་སྒོར་དུང་ཕྱུར1གཏོང་རྩིས་ཡོད་པ་དང་། སྐྱེ་དངོས་ཀྱི་འདུས་འདྲེས་གཟུགས་ཀྱི་རྒྱུ་ཆའི་ལས་སྣོན་ལག་རྩལ་གྱི་ལྗང་མདོག་བཟོ་སྐྲུན་རྒྱུ་ཆ་དང་ཁྱིམ་སྡོད་མཛེས་བཟོ་སོགས་ཐད་ཀྱི་དགེ་མཚན་འདོན་སྤེལ་བྱས་པ་བརྒྱུད། གཞིས་ཀ་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་མ་དངུལ་བཏང་ནས་གཞིས་རྩེའི་སྐྱེ་དངོས་ཀྱི་རྒྱུ་ཆ་གསར་པའི་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་རེད།

W020200928354087051544.jpg

འདི་ནི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུའི་ཡུལ་དངོས་རེད།

ཁ་གཏད་བོད་སྐྱོར་བྱས་པའི་ལོ25ཡི་རིང་ཧྲང་ཧའེ་ཡིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་འགོ་ཚུགས་ཏེ། འགོ་ཁྲིད་ལ་ཤུགས་སྣོན་དང་གཅིག་གྱུར་བཀོད་སྒྲིག་བྱས་ནས་ཁ་གཏད་རོགས་སྐྱོར་ལས་དོན་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་བཏང་། དུས་མཚུངས་སུ་ཧྲང་ཧའེ་ཡི་ཁེ་ལས་མང་པོ་ཞིག་གིས་ཀྱང་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་ནས། གཅིག་རྗེས་གཉིས་མཐུད་ངང་གཞིས་ཀ་རྩེར་དངུལ་གཏོང་བྱས་ཏེ་ལས་རིགས་དར་རྒྱས་སུ་བཏང་བར་བརྟེན་ནས་གཞིས་རྩེ་དང་ཐ་ན་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་། གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས་པའི་གཞིས་ཀ་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་དེ་ཧྲང་ཧའེ་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག ཐོན་ལས་མ་ལག་དང་གསར་སྤེལ་གཞི་ཁྱོན། བར་མཐོངས་བཀོད་སྒྲིག གསར་སྤེལ་ནུས་ཤུགས་སོགས་ཀྱི་ཕྱོགས་ནས་འཆར་འགོད་བྱེད་ཐབས་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་ཡོད། གཞིས་ཀ་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་ལ་ཕུན་སུམ་ཚོགས་པའི་སྐྱེ་ཁམས་དང་། ཐོན་ཁུངས། ས་བབ་བཅས་ཀྱི་ལེགས་ཆ་ལྡན་པ་མ་ཟད། ནུས་བ་ཆེ་བའི་སྲིད་ཚོང་ཞབས་ཞུའི་ཁོར་ཡུག་དང་ཚོང་འགུག་གཟིགས་སྐྱོང་སྲིད་ཇུས་ལེགས་པོ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།