གཞིས་ཀ་རྩེ་གྲོང་ཁྱེར་གྱི་ས་ཆ་མང་པོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས།

1601253855296309.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་རྡོ་ལྷས་བོད་ལྗོངས་ཀྱི་ཕུལ་བྱུང་སྒྲོག་འགྲེལ་པ་ཚེ་རིང་སོགས་ཀྱི་སྣེ་ཁྲིད་དེ་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། ཉིན5ཡི་དུས་ཚོད་བེད་སྤྱད་དེ་གཞིས་ཀ་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་སྟག་མོ་ཤར་ཤང་དང་། དིང་རི་རྫོང་ཤེལ་དཀར་གྲོང་རྡལ། ལྷ་རྩེ་རྫོང་། ས་སྐྱ་རྫོང་། གནམ་གླིང་རྫོང་། བསམ་འགྲུབ་རྩེ་ཆུས་གཉན་མོ་ཤང་། རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་སོགས་སུ་བསྐྱོད་དེ། དགོན་སྡེའི་གྲྭ་བཙུན་དང་། ཤང་གྲོང་མང་ཚོགས། འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ཆོས་ལུགས་ཁོངས་གཏོགས་ཀྱི་ལས་བྱེད་པ་བཅས་ལ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས།

1601253861250394.jpg

སྒྲོག་འགྲེལ་ཚོགས་འདུའི་སྟེང་། སྒྲོག་འགྲེལ་པས“ངེས་པར་དུ་བྱེད་དགོས་པ་བཅུ”དང་། “ཁག་ཐེག་བཞི”།“དམིགས་ས་དང་ཤུགས་སྣོན་བྱེད་དགོས་ས་གཅིག”“དགོས་པ་དྲུག”སོགས་ཀྱི་གཙོ་གནད་ལ་དམ་པོར་དམིགས་ཏེ། ཤེས་སླ་ཞིང་གོ་བདེ་བའི་སྐད་ཆའི་གཏམ་རྒྱུད་བརྗོད་པ་དང་དཔེར་བརྗོད་འཇོག་པ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་རྗེས་བོད་རང་སྐྱོང་ལྗོངས་ལ་ཐོབ་པའི་གྲུབ་འབྲས་གཙོ་བོར་ཕྱིར་མིག་ལྟ་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང“ཚད་གཞི་བཞིའི”སློབ་གསོ་ལག་ལེན་བྱ་འགུལ་སོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཚུན་ལ་དམ་པོར་དམིགས་ནས། བོད་རང་སྐྱོང་ལྗོངས་ཀྱི་བྱ་གཞག་སོ་སོར་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་དུས་རབས་གསར་བའི་བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ངེས་བཅུའི་ཚན་རིག་དང་མཐུན་པའི་ནང་དོན་ལ་སྒྲོག་འགྲེལ་ཚོགས་པས་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་གྲྭ་བཙུན་རྣམས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་མ་ལག་རང་བཞིན་གྱི་ངོས་འཛིན་བྱུང་ཡོད་པ་རེད།

1601253867704392.jpg

      གཞིས་ཀ་རྩེ་གྲོང་ཁྱེར་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུས་ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་བརྒྱུད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དུས་ཐོག་ཏུ་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱལ་ནས་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་བརྩེ་སེམས་དེ་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ལ་བཞག་པ་དང་། རྒྱ་ཆེའི་གྲྭ་བཙུན་དང་རོང་འབྲོག་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བསམ་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ཡོད། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མུ་མཐུད་དུ་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ངང་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པའི་སྤྲོ་སེམས་དང་ངར་ཤུགས་སྐུལ་སློང་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག དཔལ་ཡོན། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།