ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཐོན་ལས་ཁྱུ་ཚོགས་ཀྱིས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་བཙུགས་ནས་ལོ19སོང་བའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་བཙུགས་ནས་ལོ19སོང་རིང་། དཔལ་འབྱོར་བསྡོམས་འབོར་ཆུང་བ་ནས་ཆེ་བར་གྱུར་པ་དང་ཕྱོགས་བསྡུས་ནུས་པ་ཉམས་ཞན་ནས་སྟོབས་ཆེར་གྱུར་ཏེ་ཐོན་ལས་ཁྱུ་ཚོགས་ཤིག་རགས་ཙམ་ཆགས་ཡོད། མིག་སྔའི་བར་གླིང་དེའི་ནང་དངོས་ཚན་བཟོ་ལས་ཁེ་ལས262ཡོད་པ་དང་། མ་རྐང་ནང་ཞུགས་པའི་ཁེ་ལས12བར་འཕེལ་རྒྱས་བྱུང་བ། དངོས་ཚན་ཁེ་ལས་ཀྱིས་ནོར་སྲིད་ཀྱི་ལེགས་སྐྱེས་འབུལ་ཚད2015ལོའི5%ནས་ན་ནིང་གི65%ཡན་བར་འཕར་ཡོད།

དེ་དང་དུས་མཚུངས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་འཕེལ་རྒྱས་གྲུབ་འབྲས་ཀྱིས་མང་ཚོགས་ལ་དེ་བས་ཕན་པ་བསྐྲུན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྷག་པར་དུ་ཉེ་བའི་ལོ་ལྔའི་རིང་རིམ་རྩིས་བྱས་ན། རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར་གྱི་གཞུང་ཁོངས་ཁེ་ལས་སྟོབས་ཆེར་གཏོང་བ་དང་། སྣོད་བཅུད་ལེགས་གཏོང་། རྣམ་གྲངས་འཛུགས་སྐྲུན། དམངས་འཚོ་ལེགས་གཏོང་སོགས་ཀྱི་གཙོ་གནད་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ཐད་མ་དངུལ་སྒོར་དུང་ཕྱུར་50ལྷག་ཙམ་བཏང་བ་དང་། འདམ་གཞུང་རྫོང་དང་། སྙེ་མོ་རྫོང་། སྟོད་ལུང་བདེ་ཆེན་ཆུས། ཆབ་མདོའི་ས་ངན་ཡུག་ཁུལ་བཅས་ཀྱི་ཞིང་འབྲོག་མང་ཚོགས6000ལྷག་ཙམ་གྱི་གནས་སྤོས་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱས་པ་དང་། ཁེ་ལས་ཁག་གིས་རིམ་རྩིས་བྱས་ན་ལས་མི18820ལས་ཀར་བཅུག་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།