ལྷོ་ཁ་གྲོང་ཁྱེར་གྱིས་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་སྤོང་བའི་གྲོས་འགོ་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་ལས་ཁང་གི་ལས་དོན་པས་རྩེད་ཐང་གསོལ་མགྲོན་ཁང་སོགས་སུ་བསྐྱོད་ནས་ལས་བྱེད་པ་དང་མང་ཚོགས་ལ་གྲོས་འགོའི་ཡི་གེ་སྤྲད་དེ། འཕྲོ་བརླག་གཏོང་བའི་བྱེད་སྤྱོད་སྤངས་ནས་ཡ་རབས་ངང་ཟ་མ་ཟ་བ་དང་ཧུར་བསྲི་གྲོན་ཆུང་གི་དྲིལ་བསྒྲགས་པ་དང་། ལག་ལེན་པ། ལྟ་སྐུལ་བ་བཅས་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་གྲོན་ཆུང་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་རང་རྟོགས་ངང་དར་སྤེལ་གཏོང་བ། ཧུར་བསྲི་གྲོན་ཆུང་གི་གོམས་གཤིས་འཇགས་པ་བཅས་བྱས་ཏེ། འཕྲོ་བརླག་ནི་ཞེ་ཁྲེལ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་མཉམ་དུ་གཏོད་དགོས་པའི་འབོད་སྐུལ་བྱས་པ་རེད། ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་ལ་ཟ་ཁང་གི་ལྟ་འདོམས་ཕུགས་ཕན་ལམ་སྲོལ་བཙུགས་ནས་བཟའ་བཏུང་འཕྲོ་བརླག་གཏོང་རིགས་གཏན་འགོག་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། བཟའ་བཏུང་ཞབས་འདེགས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་ནས་སྐུ་མགྲོན་ལ་ལྟོ་ཆས་འོས་འཚམ་ལེན་པ་དང་ལྷག་མ་འཁྱེར་འགྲོ་བར་ཁྲིད་སྟོན་དང་། ཚལ་འབོར་ཉུང་ཉུང་དང་གོང་ཚད་ཕྱེད་ཀའི་ཚལ་སོགས་ཀྱི་ཁྱད་ལྡན་རྣམ་གྲངས་སྟོན་པ། ཐབ་ཚང་གི་གད་སྙིགས་ཉུང་གཏོང་བཅས་བྱས་ནས་འཕྲོ་བརླག་གཏོང་བར་བཀག་འགོག་ནུས་ལྡན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།