ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས21ཉིན་ནས་ཚེས23ཉིན། བོད་ལྗོངས་ཡོངས་ཀྱི་གནས་སྐོར་རྨང་གཞིའི་སྒྲིག་ཆས་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་ཉིང་ཁྲི་ནས་འཚོགས་པ་རེད།
བོད་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚུལ་ཁྲིམས་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གནང་།
གྲོས་ཚོགས་ལས་བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་ནི་དཔལ་འབྱོར་ཐོན་ལས་ཙམ་མ་ཡིན་པར་དེ་ནི་ང་ཚོས་མི་རིགས་མཐུན་སྒྲིལ་ལ་མུ་མཐུད་ཤུགས་སྣོན་བྱེད་པ་དང་། མི་རིགས་སོ་སོའི་བར་འབྲེལ་འདྲེས་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བའི་ཟམ་པ་ལྟ་བུ་ཡིན། བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་ནི་དམངས་འཚོའི་ཐོན་ལས་ཙམ་མ་ཡིན་པར། ང་ཚོས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་ནི་ལྗང་མདོག་ཐོན་ལས་ཁོ་ན་མིན་པར། དེ་ནི་ང་ཚོས་ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ལག་གདང་སྦྲེལ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བརྟན་པོར་འཛུགས་པའི་ཐབས་ལམ་ཡང་དག་ཅིག་ཡིན་པར་བསྟན།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། གནས་སྐོར་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ནི་གནས་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འདེགས་སྐྱོར་གལ་ཆེན་དང་གནས་སྐོར་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་བའི་འགག་རྩའི་གོ་རིམ་ཞིག་ཡིན། གནས་སྐོར་བ་བློ་ཡིད་ཚིམ་ཚད་ཇེ་མཐོར་གཏོང་བ་དང་འཛམ་གླིང་གི་གནས་སྐོར་བྱེད་ཡུལ་གལ་ཆེན་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན། གནས་སྐོར་འཕེལ་རྒྱས་གོ་རིམ་ཁྲོད་དོ་མི་མཉམ་ཞིང་མི་འདང་བའི་གནད་དོན་མུ་མཐུད་འཚོལ་ཞིབ་དང་ཐག་གཅོད་བྱས་ཏེ། གནས་སྐོར་འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ་དང་གནས་སྐོར་གྱི་སྤྱི་བའི་ཞབས་ཞུའི་ནུས་བ་ཇེ་ཆེར་བཏང་ནས་གནས་སྐོར་བའི་གནས་སྐོར་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་ཇེ་མཐོར་གཏོང་དགོས། བོད་ལྗོངས་ཀྱི་གནས་སྐོར་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་རྩེར་སོན་དང་རྒྱལ་སྤྱིའི་ཚད་གཞིའི་ཁ་ཕྱོགས་ལ་ཕྱོགས་པ་རྒྱུན་འཁྱོངས་བྱས་ནས་གནས་སྐོར་གྱི་རྨང་གཞིའི་སྒྲིག་ཆས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དེ་ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་དགོས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཡོངས་ཀྱི་གནས་སྐོར་རྨང་གཞིའི་སྒྲིག་ཆས་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་ཉིང་ཁྲི་ནས་འཚོགས་པ།