ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་སྐད་གཉིས་སློབ་སྦྱོང་ཁྱད་ལྡན་གྲོང་རྡལ(ལག་ལེན་རྟེན་གཞི)གྱི་སྒོ་བྱང་བཀལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་སྐད་གཉིས་སློབ་སྦྱོང་ཁྱད་ལྡན་གྲོང་རྡལ(ལག་ལེན་རྟེན་གཞི)དེ་ཁྲེང་ཀོན་ཆུས་བར་སྐོར་སྲང་ལམ་ཀླུ་སྒུག་སྡེ་ཁུལ་དུ་སྒོ་བྱང་བཀལ། ཐེངས་འདིར་ཀླུ་སྒུག་སྡེ་ཁུལ་དེ་ལྗོངས་ཡོངས་ཀྱི་རྒྱལ་ཡོངས་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་གྲོང་རྡལ(ལག་ལེན་རྟེན་གཞི)ལ་གཏན་འཁེལ་བྱས་པ་དེས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་བོད་སྐད་ལས་དོན་ཨུ་ལྷན་གཞུང་དོན་ཁང་གིས་ལྷ་ས་གྲོང་ཁྱེར་གྱི་སྐད་གཉིས་སློབ་སྦྱོང་ལས་དོན་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་མཚོན་ཡོད།

ལྷ་ས་གྲོང་ཁྱེར་གྱིས་སྔར་ནས་བཟུང་མི་རིགས་མཐུན་སྒྲིལ་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད། མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་དོན་ཆེན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བར་འབྲེལ་བ་ཡོད་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། བྱ་ཐབས་ནུས་ལྡན་སྤྱད་ནས་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་བསྣན་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་ནས་མི་རིགས་མཐུན་སྒྲིལ་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། མི་རིགས་སོ་སོའི་མི་དམངས་བར་སྤེལ་རེས་མཉམ་འདྲེས་དང་། སྐྱིད་སྡུག་མཉམ་མྱོང་། ཕན་ཚུན་རོགས་རེས། འཆམ་མཐུན་མཉམ་གནས་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

རྗེས་ཕྱོགས་ལྷ་ས་གྲོང་ཁྱེར་གྱིས་སྐད་གཉིས་སློབ་སྦྱོང་ལ་སྐུལ་འདེད་བཏང་སྟེ། ཀླུ་སྒུག་སྡེ་ཁུལ“མི་རིགས་སོ་སོའི་སྐད་ཡིག་ཕན་ཚུན་སེམས་པ་གཅིག་ཏུ་སྦྲེལ་བའི”ལག་ལེན་རྟེན་གཞི་རུ་བསྐྲུན་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་ནས། ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།