ལྷོ་ཁའི་སྐྱེ་ཁམས་གནས་སྤོར་ས་ཚིགས་སུ་ཀུ་ཤུ་ལ་ལོ་ལེགས་བྱུང་།

139393039_16009151962021n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་ཁར་ལོ་ཏོག་ལ་འབྲས་བུ་སྨིན་པའི་དུས་སུ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་པོ་རི་གྲོང་ཚོར་སྲིན་པོ་རི་གནས་སྤོར་བཀོད་སྒྲིག་བྱ་ཡུལ་ཉེ་འགྲམ་གྱི་མུའུ་སྟོང་ལྷག་གི་ཀུ་ཤུ་འདེབས་འཛུགས་ལྡུམ་རར་ལོ་ལེགས་བྱུང་། སྲིན་པོ་རི་གནས་སྤོར་བཀོད་སྒྲིག་ས་ཚིགས་ནི་བོད་ལྗོངས་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་སྡོད་དམངས་སྐྱེ་ཁམས་གནས་སྤོར་བཀོད་སྒྲིག་བྱ་ཡུལ་ཤིག་ཡིན། 2018ལོའི་ཟླ6པར་བོད་ལྗོངས་ཀྱིས་ས་བབ་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོའི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཤིང་། 2019ལོའི་ལོ་མཇུག་ཏུ་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སེའུ་ཤང་དང་མཚོ་གཉིས་རྫོང་དཀར་མཚོ་ཤང་དང་། ཡར་ཆུ་ཤང་། མཚོ་རྩེ་བྱང་མ་ཤང་བཅས་བསྡོམས་པས་ཁྱིམ་ཚང957དང་མང་ཚོགས4058གནས་དེར་སྤོར་བ་རེད། ཀུ་ཤུ་འདེབས་འཛུགས་ར་བ་ནི་ལྷོ་ཁ་གྲོང་ཁྱེར་སྲིན་པོའི་རིའི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོ་བྱ་ཡུལ་གྱི་དཔལ་འབྱོར་ནགས་ཚལ་འདེབས་འཛུགས་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆ་ཤས་ཡིན། མིག་སྔར་བོད་ལྗོངས་ཁང་ཆི་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་དོ་དམ་གཉེར་སྐྱོང་བྱེད་པར་མངགས་བཅོལ་བྱས་ཡོད། ཤིང་འབྲས་ར་བའི་ཡོང་འབབ་ཀྱི65%དེ་ཁེ་སྤོགས་བགོ་བའི་ཚུལ་དུ་གནས་སྤོར་མང་ཚོགས་ལ་སྤྲོད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།