2020ལོའི་ཚན་རྩལ་བོད་སྐྱོར་བྱ་འགུལ་བདེ་བླག་ངང་མཇུག་སྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས14ཉིན་ནས་ཚེས20ཉིན་བར། ཚན་རྩལ་པུའུ་ཡིས་ཧྲང་ཧའེ་གྲོང་ཁྱེར་ཚན་རྩལ་ཨུ་ཡོན་ལྷན་ཁང་དང་། ཁྲུང་ཆིང་གྲོང་ཁྱེར་ཚན་རྩལ་ཅུའུ། ཀོང་ཀྲོའུ་གྲོང་ཁྱེར་ཚན་རྩལ་ཅུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་རྩལ་ཁོངས་གཏོགས་དང་མཉམ་དུ་ཚན་རྩལ་ཁྱབ་གདལ་བོད་སྐྱོར་ལས་དོན་ཚོགས་ཆུང་བཙུགས་ནས“ཚན་རྩལ་གྱི་དམག་འཐབ་དེ་གསར་གཏོད་ལ་བརྟེན་དགོས”ཞེས་པ་བརྗོད་བྱ་བྱས་ཏེ། བོད་ལྗོངས་ལྷ་ས་དང་གཞིས་རྩེ་གྲོང་ཁྱེར་དུ་ཚན་རྩལ་ཁྱབ་གདལ་གྱི་བོད་སྐྱོར་བྱ་འགུལ་སྤེལ་བ་རེད།

139392900_16009136984171n.png

འདི་ནི་ཚན་རྩལ་བོད་སྐྱོར་བྱ་འགུལ་གྱི་འགོ་ཚུགས་མཛད་སྒོར་ཞུགས་པའི་འཐུས་མི་རྣམས་རེད། 

ལྷ་སར་སྡོད་པའི་རིང་། ཚན་རྩལ་པུའི་རིག་འདྲེན་སིའི་སི་ཀྲང་གཞོན་པ་ཏེང་ཡུང་ཧུའེ་དང་བཅས་པ་ཀྲུང་གོ་ཚན་རིག་ཁང་གནམ་མཚོའི་འཁོར་རིམ་མང་བའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་དང་། བོད་ལྗོངས་སློབ་ཆེན། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་བཅས་སུ་རྟོག་ཞིབ་གནང་བར་བསྐྱོད་དེ། ཧྲང་ཧའེ་ཚན་རྩལ་ཁང་དང་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་བར་མཉམ་ལས་གྲོས་མཐུན་འཇོག་པར་སྐུལ་འདེད་བཏང་། རྗེས་མར་བོད་ལྗོངས་ཀྱི་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་ལ་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ཚོམས་ཆེན་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུའི་ཐད་གྲོས་མཐུན་བྱུང་།

139392900_16009136987561n.png

འདི་ནི་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དང་ཧྲང་ཧའེ་ཚན་རྩལ་ཁང་བར་མཉམ་ལས་གྲོས་མཐུན་འཇོག་བཞིན་པ།

ཟླ9བའི་ཚེས17ཉིན། ཚན་རྩལ་ཁྱབ་གདལ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་གཞིས་རྩེ་གྲོང་ཁྱེར་གྱི་ཚན་རྩལ་ཁོངས་གཏོགས་དང་སློབ་གྲྭར་ཚན་རྩལ་ཁྱབ་གདལ་གྱི་གྲོན་དངུལ་དང་ཚན་རྩལ་ཁྱབ་གདལ་གྱི་སྒྲིག་ཆས་ཞལ་འདེབས་ཕུལ་ནས། ཡུལ་དངོས་ཀྱི་མང་ཚོགས་དང་། སློབ་མ། ལས་བྱེད་པ་དང་ལས་བཟོ་བ་བཅས་ལ་ནང་དོན་ཕུན་སུམ་ཚོགས་ལ་ངོ་མཚར་ཆེ་བའི་ཚན་རྩལ་ཁྱབ་གདལ་གྱི་འཁྲབ་སྟོན་བྱས།

ཚན་རིག་ཁྱབ་གདལ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་ད་དུང་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་སློབ་འབྲིང་དང་། པ་སྣམ་རྫོང་སློབ་ཆུང་། གྲོ་མོ་རྫོང་སློབ་འབྲིང་། གྲོ་མོ་རྫོང་སློབ་ཆུང་། གྲོ་མོ་རྫོང་སྡེ་ཁུལ་བཅས་སུ་ས་གནས་དེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་མང་ཚོགས་ལ“གྲུབ་ཆའི་སྟོབས་ཤུགས”དང་། “ངོ་མཚར་ཆེ་བའི་རླུང་ཁམས་ཆེན་པོའི་གནོན་ཤུགས”“ཉིའུ་ཏུན་གྱི་གཏམ་རྒྱུད”སོགས་གོ་བདེ་ཞིང་སྤྲོ་སྣང་ལྡན་པའི་ཚན་རྩལ་ཁྱབ་གདལ་གྱི་བྱ་འགུལ་སྤེལ།

139392900_16009136991301n.png

འདི་ནི་སློབ་མ་རྣམས་ལ་ཚན་རྩལ་ཁྱབ་གདལ་སློབ་དེབ་ཐོབ་པའི་ཚུལ་རེད།

ཚན་རྩལ་ཁྱབ་གདལ་བོད་སྐྱོར་ལས་དོན་ཚོགས་ཆུང་ལམ་ཐག་སྤྱི་ལེ1840ལྷག་བསྐྱོད་དེ། བསྡོམས་པས་ཚན་རྩལ་ཁྱབ་གདལ་གྱི་འཁྲབ་སྟོན་དང་། ཚན་རྩལ་ཁྱབ་གདལ་གྱི་འགྲེལ་བཤད། ཚན་རྩལ་ཁྱབ་གདལ་གྱི་འཆད་ཁྲིད་བཅས་ཐེངས30ལྷག་སྤེལ་བ་དང་། ཚན་རྩལ་ཁྱབ་གདལ་གྱི་འགྲོ་གྲོན་སྒོར་ཁྲི70དང་རིན་ཐང་སྒོར་ཁྲི120ལྷག་ཟིན་པའི་ཚན་རྩལ་ཁྱབ་གདལ་གྱི་ཚོད་ལྟ་ཁང་དང་ཚན་རྩལ་ཁྱབ་གདལ་གྱི་དངོས་ཟོག་ཞལ་འདེབས་བརྒྱབ་པས། རྒྱ་ཆེའི་མང་ཚོགས་དང་སློབ་མ། ལས་བྱེད་པ། ལས་བཟོ་བ་བཅས་ཀྱི་དགའ་བསུ་ཆེན་པོ་ཐོབ།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།