བོད་ལྗོངས་ཀྱིས་ཁྲིམས་འགལ་སྒྲིག་འགལ་ངང་ས་ཆ་བེད་སྤྱོད་གཏོང་བའི་གནད་དོན་བཅོས་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས།  རང་སྐྱོང་ལྗོངས་ཀྱི་ས་ཆའི་སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཀྱི་ཁྲིམས་འཛིན་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་སྤྱི་ལོ2018ལོ་དང2019ལོའི་དུས་ཚིགས་ཀྱི་ཉེན་བརྡའི་སྐོང་འདྲི་ཚོགས་འདུ་འཚོགས་ཏེ།  ཁྲིམས་འགལ་སྒྲིག་འགལ་ངང་ས་ཆ་བེད་སྤྱོད་གཏོང་བའི་གནད་དོན་ཅུང་མངོན་གསལ་དོད་པའི་གྲོང་ཁྱེར(ས་ཁུལ)4དང་ལྗོངས་ཐད་གཏོགས་ལས་ཁུངས་གཅིག་གི་འགན་འཁུར་བར་ཉེན་བརྡའི་སྐོང་འདྲི་བྱས་པ་རེད།  རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཁྲེན་ཏུའུ་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་དཔྱད་བརྗོད་གནང་བ་མ་ཟད་བླང་བྱ་ཡང་བཏོན་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།