ཆབ་མདོ་བཅིངས་འགྲོལ་ཐོབ་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཆབ་མདོ་གྲོང་ཁྱེར་གྱིས་ཆབ་མདོ་བཅིངས་འགྲོལ་ཐོབ་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་ཆབ་མདོ་བཅིངས་འགྲོལ་ཐོབ་ནས་ལོ70འགོར་བའི་རིང་གི་ལས་དོན་སོ་སོར་ཕྱོགས་ཡོངས་ནས་དར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ངོ་སྤྲོད་བྱས།  

ངོ་སྤྲོད་བྱས་པ་ལྟར་ན། 2019ལོར། ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར220.96ལེགས་འགྲུབ་བྱུང་ཞིང་། 1959ལོའི་སྒོར་དུང་ཕྱུར0.3ཡི་ལྡབ736.5ཡིན་པ་དང་། ལོ་རེར་ཆ་སྙོམས་སུ11.6%འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་གི་ཐུན་མོང་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར18ལེགས་འགྲུབ་བྱུང་ནས། 1959ལོའི་སྒོར་དུང་ཕྱུར0.01གི་ལྡབ1800ཡིན་ལ། ལོ་རེར་ཆ་སྙོམས་སུ13.3%འཕར་ཡོད། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སོལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར61.85ལེགས་འགྲུབ་བྱས་ཏེ། 1978ལོའི་སྒོར་དུང་ཕྱུར0.84ཀྱི་ལྡབ73.6ཡིན་ཞིང་། ལོ་རེར་ཆ་སྙོམས་སུ11.1%འཕར་ཡོད།

མིག་སྔར་ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ669ཡོད་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་རུ་ཡོད་པའི་སློབ་མ་147859ཡོད་པ་དེ1951ལོའི་ལྡབ2464ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་རྨང་གཞིའི་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་དང་ལས་བཟོ་བ10562ཡོད་པ་དེ1951ལོའི་ལྡབ528ཡིན་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་རྒྱ་ཁྱོན་སྨི་གྲུ་བཞི་མ4481502ཟིན། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་དང་ལས་རིགས་རྩལ་ནུས་གསོ་སྦྱོང་གི་མི་གྲངས་ལོ་རེར་ཆ་སྙོམས་སུ་མི་ཐེངས་ཁྲི1ལ་སླེབས་པ་པ་དང་། མི་རེར་སློབ་གསོ་ཐོབ་པའི་ལོ་ཚད་ལོ9.4ལ་སླེབས་ཡོད།

2010ལོའི་རིང་ལ། ཆབ་མདོ་གྲོང་ཁྱེར་གྱིས་བསྡོམས་པས་ལས་ཞུགས་ལས་གནས42066གསར་སྤེལ་བྱས་ཏེ། ལས་ཞུགས་མི་སྣ་མི་ཐེངས42836གསར་སྣོན་བྱས་ལ། མི་ཐེངས39424ལ་ལས་རིགས་མཛུབ་སྟོན་སྤེལ་ཏེ། མི་ཐེངས35486ལ་ལས་རིགས་ངོ་སྤྲོད་བྱས། ལས་ཞུགས་སྟོངས་ཁྱིམ་མེད་པར་བཟོ་བའི་དམིགས་འབེན་མངོན་འགྱུར་བྱས། 2019ལོའི་ལོ་མཇུག་བར་དུ། གྲོང་ཁྱེར་ཡོངས་ཀྱི་གཞི་རྩའི་རྒན་གསོ་དང་། ལས་རྨས། ལས་ཤོར་འགན་སྲུང་ཁྲོད་ཞུགས་པའི་མི་གྲངས་མི་ཐེངས་ཁྲི50.67ལ་སླེབས་ཡོད་པ་དང་། མི་ཁྲི70.08ལྷག་གིསྤྱི་ཚོགས་འགན་སྲུང་བྱང་བུའི་ཆ་འཕྲིན་འཚོལ་བསྡུ་བྱ་བ་ལེགས་འགྲུབ་བྱས།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། ཆབ་མདོ་གྲོང་ཁྱེར་གྱིས་འགྲེིམ་འགྲུལ་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར336.37ལེགས་འགྲུབ་བྱས་ཏེ། སྔ་གཞུག་ཏུ་རྒྱལ་ལམ6དང་ཞིང་ལམ10སྐྲུན་ནས།  “གཞུང་བཞི་འཕྲེད་གསུམ་སྦྲེལ་གསུམ”གྱི་གཞུང་ལམ་དྲ་བ་གྲུབ། གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང138དང་སྲིད་འཛིན་གྲོང་ཚོ1142ལ་གཞུང་ལམ་ཤར་གཏོང་བྱེད་ཚད100%ལ་སླེབས་པ་དང་། ཤང་གྲོང་དུ་གཞུང་ལམ་ཤར་གཏོང་བྱེད་ཚད94.57%ལ་སླེབས་པ་དང་། སྲིད་འཛིན་གྲོང་ཚོ་རུ་གཞུང་ལམ་ཤར་གཏོང་བྱེད་ཚད68.8%ལ་སླེབས།

གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ད་དུང་སྐྱེ་ཁམས་ཁོར་ཡུལ་འཕེལ་རྒྱས་དང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་འཕེལ་རྒྱས། ཞིང་ལས་ཞིང་སྡེ་འཕེལ་རྒྱས། རིག་གནས་འཕེལ་རྒྱས། སྨན་བཅོས་འཕྲོད་བསྟེན་ལས་རིགས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།