བོད་ལྗོངས་ཀྱི་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལས་གཞི་ཟླ10བར་རླངས་འཁོར་ཤར་གཏོང་ཐུབ་རྩིས་ཡོད།

1600736358612234.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ཚེས21ཉིན་བསྒྲགས་པ་ལྟར་ན། G4218གཡག་རྔ་ནས་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཆུ་ཤུར་རྫོང་ཤེལ་གྲོང་ནས་ཚྭ་རགས་ཞབས་ཞུའི་ཁུལ་བར་གྱི་སྤྱི་ལེ41ཡོད་པ་ལས་གཞི་དེ་སྔོན་དཔག་བྱས་པ་ལྟར་ན་ཟླ10ར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

1600736343857686.jpg

ཟླ9བའི་ཚེས17ཉིན་ནས་ཚེས18ཉིན་བར། གསར་འགོད་པས་ཡུལ་དངོས་སུ་མིག་སྔར་གཞུང་ལམ་དེའི་ལས་གཞི་ལག་བསྟར་ཕྱོགས་ཀྱིས་ཐིག་འཐེན་པ་དང་ལྕགས་ལེབ་སྒྲིག་པ་སོགས་ཞོར་གཏོགས་ལས་གཞི་ལག་བསྟར་བྱེད་བཞིན་པ་མཐོང་།

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱི་འགན་འཁུར་བས་བཤད་རྒྱུར། ལྷ་ས་ནས་གཞིས་རྩེ་བར་གྱི་གནམ་གྲུ་ཐང་གཞུང་ལམ་ལས་གཞི་ནིG4218གཡག་རྔ་ནས་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་དུམ་ཞིག་ཡིན་པ་དང་། ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར་སྦྲེལ་ནས། བོད་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གྲོས་གཞི་མཉམ་འདྲེས་དང་། ཨེ་ཤ་ཡ་ལྷོ་མར་སྒོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། ལྷ་ས་གྲོང་ཁྱེར་ནས་གཞིས་རྩེ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་བར་གྱི་མྱུར་བགྲོད་སྐྱེལ་འདྲེན་བགྲོད་ལམ་ཆེན་པོ་ཞིག་ཀྱང་ཡིན་ཟེར།

ལྷ་གཞིས་མྱུར་བགྲོད་གཞུང་ལམ་དེ་ཐེངས་གཅིག་རང་བཞིན་གྱི་ཆོག་མཆན་འགོད་པ་དང་དུས་མཚམས་བགོས་ནས་ལག་བསྟར་བྱེད་པའི་རྩ་དོན་ལྟར་ལག་བསྟར་བྱ་རྒྱུ་དང་། ཚོད་འཛིན་རང་བཞིན་གྱི་ལས་གཞི་དང་བར་གྱི་ལས་གཞི་གཉིས་སུ་དབྱེ་ཡོད། དེའི་ཁྲོད། ཚོད་འཛིན་རང་བཞིན་གྱི་ལས་གཞིའི་ལྷ་ས་དུམ་བུ་དང་གཞིས་ཀ་རྩེ་དུམ་བུ་སྔོན་དཔག་བྱས་པ་ལྟར་ན2020ལོའི་ཟླ10པའི་ཟླ་མཇུག་ཏུ་ཤར་གཏོང་ཐུབ་པའི་ཆ་རྐྱེན་འཛོམས་རྒྱུ་དང་ལོ་ཕྱེད་སྔ་སྣུར་དུ་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱ་རྒྱུ་དང་། བར་གྱི་དུམ་བུའི་ལས་གཞིའི་ལྷ་ས་དང་གཞིས་རྩེ་དུམ་བུ་ད་ལོའི་ཟླ6པར་ལས་འགོ་ཚུགས་པ་དང་། མིག་སྔར་ལས་གཞི་ཕྱོགས་ཡོངས་ནས་སྐུལ་འདེད་དང་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་བཞིན་པའི་སྒང་ཡིན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།