ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཁེ་ལས་འབྲིང་ཆུང་གི་ལས་ཞུགས་བསྡུ་ལེན་ཁ་གསབ་རེ་ཞུའི་ལས་དོན་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། ནོར་སྲིད་ཐིན། དམངས་སྲིད་ཐིན། མི་དམངས་དངུལ་ཁང་ལྷ་སའི་ལྟེ་བའི་ཡན་ལག་དངུལ་ཁང་བཅས་ཀྱི《སྔར་ལས་ལྷག་པར་ལས་ཞུགས་བརྟན་རླིང་བྱ་བ་ལེགས་པོར་སྒྲུབ་པའི་བརྡ་སྦྱོར》གྱི་དགོངས་དོན་དངོས་འབེབས་བྱས་ཏེ། ཁེ་ལས་འབྲིང་ཆུང་གིས་ལོ་འཁོར་གྱི་མཐོ་སློབ་མཐར་ཕྱིན་སློབ་མས་ཐེངས་གཅིག་ལ་ལས་ཞུགས་ཁ་གསབ་བསྡུ་ལེན་བྱ་རྒྱུ་དང་། ཁེ་ལས་ཀྱིས་ལས་གནས་བརྟན་རླིང་དུ་གཏོང་བར་ཤུགས་སྣོན་ཆེད། ཉེ་ལམ། ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཁེ་ལས་འབྲིང་ཆུང་གི་ལས་ཞུགས་བསྡུ་ལེན་ཁ་གསབ་རེ་ཞུའི་ལས་དོན་སྤེལ་བ་རེད།  

རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་ཁེ་ལས་འབྲིང་ཆུང་གི་ལས་ཞུགས་ཁ་གསབ་རེ་ཞུ་བྱ་ཡུལ་ནི་ལྷ་ས་གྲོང་ཁྱེར་ཁོངས་གཏོགས་ཀྱི་བཟོ་ཚོང་སྲིད་འཛིན་སྡེ་ཚན་གྱིས་ཐོ་འགོད་བྱས་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཡིན་པ་རེད། 2020ལོའི་ཟླ1པོའི་ཚེས1ཉིན་གྱི་རྗེས་སུ་ཐེམ་ཁུངས་བོད་ལྗོངས་ཡིན་པའི་ཉིན་གང་ལམ་ལུགས་ཀྱི་ལོ་འདིའི་མཐོ་སློབ་མཐོར་ཕྱིན་སློབ་མ་བསྡུ་རྒྱུ་དང་། ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་འཇོག་རྒྱུ་ཡིན། གཅིག་བསྡུས་རེ་ཞུའི་དུས་ཚོད་ནི་ཟླ9བའི་ཚེས18ཉིན་ནས་ཟླ10བའི་ཚེས10ཉིན་བར་ཡིན་པ་དང་མི་རེར་སྒོར1000རེ་ལྟར་ཁེ་ལས་ལ་ལས་ཞུགས་ཁ་གསབ་སྤྲོད་ཀྱི་རེད།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། འབྲེལ་ཡོད་ཆ་རྐྱེན་མཐུན་པའི་ཁེ་ལས་ཀྱིས་ཁེ་ལས་ཀྱི་ལས་གཉེར་དཔང་ཡིག་དཔར་མ་དང་ཁྲིམས་བཀོད་མི་སྣའི་ཐོབ་ཐང་ལག་འཁྱེར་གྱི་དཔར་ཡིག《ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱིས2020ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་མིང་ཐོ》དང་། མཐར་ཕྱིན་སློབ་མའི་ཐོབ་ཐང་ལག་ཁྱེར་གྱི་དཔར་ཡིག་དང་ངལ་རྩོལ་གན་རྒྱའི་དཔལ་ཡིག ཁེ་ལས་ཐོ་འགོད་བྱེད་གནས་ཀྱི་ཁོངས་གཏོགས་གྲོང་ཁྱེར(རྫོང)མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་ཡུལ་དངོས་ནས་ཤོག་བུའི་རྒྱུ་ཆ་སྤྲད་དེ་ཡིག་ཐོག་སྙན་ཞུ་འབུལ་དགོས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།