ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་སློབ་གསོ་དབུལ་སྐྱོར་ལ་བརྟེན་ནས་གནད་འཕིགས་རིག་སྐྱོར་བྱས།

1600650981792415.jpg

འདི་ནི་ཀོང་ཏུང་ཞིང་ཆེན་གྱི་སྐོར་དགུ་བའི་བོད་སྐྱོར་ལས་བྱེད་པའམ་བྲག་ཡིབ་ཆུས་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝེ་དབྱི་ཝུན་གྱིས་སློབ་མ་དང་མཉམ་པར་ལེན་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་གསོ་དབུལ་སྐྱོར་ལག་བསྟར་བྱེད་པ་ནི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་བོད་སྐྱོར་བྱ་བའི་ཚོགས་ཆུང་གིས་ཏུང་ཝོན་སློབ་གསོའི་ལེགས་ཆ་འདོན་སྤེལ་བྱས་ཏེ། སློབ་གསོའི་རོགས་སྐྱོར་བྱ་བ་ནན་ཏན་གྱིས་སྒྲུབ་ཏེ། སློབ་གསོ་དབུལ་སྐྱོར་དང་སློབ་གསོ་རིག་སྐྱོར་བྱ་བར་སྐུལ་འདེད་བཏང་ནས། སློབ་གསོའི་འདུ་ཤེས་སྔོན་ཐོན་སྒྲོག་སྤེལ་དང་། ལག་རྩལ་ནུས་རྩལ་སྔོན་ཐོན་སློབ་ཁྲིད་བྱས་པ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་སློབ་གྲྭའི་སློབ་གསོ་སྤུས་ཚད་དང་དགེ་རྒན་གྱི་སློབ་ཁྲིད་ནུས་བ་མཐོར་འདེགས་གཏོང་བར་རོགས་སྐྱོར་ཆེན་པོ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།