ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་ཟླ་བ་དང་སྤུས་ཚད་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་ལྷ་ས་གྲོང་ཁྱེར་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལྷ་ས་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ལས་འཁྱུར་ངལ་གསོ་ལས་བྱེད་པ་རྒན་པ། མང་ཚོགས་ཀྱི་འཐུས་མི་བཅས་མི20ལྷག་གིས2020ལོའི་སྤུས་ཚད་ཟླ་བ་དང་སྤུས་ཚད་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ་བ་རེད།

བྱ་འགུལ་ཁྲོད་ཞུགས་པའི་མི་སྣ་དག་སྔ་གཞུག་ཏུ་བོད་ལྗོངས་ས་གཙང་འོ་ལས་ཚད་ཡོད་ཀུང་ཟི་དང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་ཟིའི་དཔལ་འབྱོར་ཞིབ་འཇུག་ཁང་། ཟངས་ཆུ་ཇ་ཁང་སོགས་ཁེ་ལས་དང་ཟས་རིགས་ཞབས་ཞུ་སྡེ་ཁག་ཏུ་ལྟ་སྐོར་བྱས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད། སྔར་ལས་ལྷག་པར་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་སྤྱི་ཚོགས་སྤྱི་དམངས་བར་གྱི་འབྲེལ་གཏུགས་བརྗེ་རེས་ལ་ཤུགས་སྣོན་བྱས་པ་བརྒྱུད། ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་སྤྱི་ཚོགས་ཤུགས་རྐྱེན་དང་ངེས་ཤེས་ཚད་མཐོར་འདེགས་བཏང་ནས། ལྷ་ས་གྲོང་ཁྱེར་གྱི་རིམ་པ་སོ་སོའི་འཐུས་མིས་ཚོང་རའི་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་ལས་ཁུངས་ཀྱིས་སྤུས་ཚད་བདེ་འཇགས་དང་། ཞབས་ཞུ་སྤུས་ཚད་མཐོར་འདེགས་ཕྱོགས་ཀྱི་ལག་རྩལ་འདེགས་སྐྱོར་དང་འགན་སྲུང་བྱེད་ནུས་ལ་རྒྱུས་ལོན་ཟབ་མོ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།