“ཆུས་གསུམ་ཁུལ་གསུམ”གྱི་ཡུལ་སྐོར་སྐོར་ལམ་ཆེན་མོའི་ཆེད་གཏོང་མེ་འཁོར་གྱིས་བོད་ལྗོངས་ཀྱི་དབུལ་ཐར་ལ་རམ་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཆུས་གསུམ་ཁུལ་གསུམ། ཡུལ་སྐོར་སྐོར་ལམ་ཆེན་མོའི་འགྲུལ་ཁུངས་བོད་སྐྱོར་གྱི་ཆེད་གཏོང་མེ་འཁོར”ལ་བསུ་བ་ཞུ་བའི་མཛད་སྒོ་ཉེ་ཆར་ལྷ་སའི་མེ་འཁོར་བབས་ཚུགས་སུ་བསྡུས་པ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཡུལ་སྐོར་བ360ལྷག་གིས་བོད་ལྗོངས་སུ་དུས་ཡུན་གཟའ་འཁོར་གཅིག་རིང་ཡུལ་སྐོར་བྱ་རྒྱུ་རེད།

2019ལོའི་ཟླ1པོར་ཀན་སུའུ་དང་། སི་ཁྲོན། ཡུན་ནན། བོད་ལྗོངས། མཚོ་སྔོན། ཞིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཁུལ་གྱི་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས “ཆུས་གསུམ་ཁུལ་གསུམ”གྱི་ཡུལ་སྐོར་སྐོར་ལམ་ཆེན་མོའི་དྲིལ་བསྒྲགས་ཁྱབ་གདལ་མནའ་འབྲེལ་བཙུགས་པ་རེད། 2019ལོར་བོད་ལྗོངས་ཀྱིས“ཆུས་གསུམ་ཁུལ་གསུམ”གྱི་ཡུལ་སྐོར་སྐོར་ལམ་ཆེན་མོའི་བོད་ལྗོངས་ཁྱབ་གདལ་བྱ་འགུལ་སྤེལ་བ་དང་། 2020ལོའི་ཡུལ་སྐོར་སྐོར་ལམ་ཆེན་མོའི་ཆེད་གཏོང་མེ་འཁོར་དངོས་སུ་གཏོང་འགོ་ཚུགས་པ་རེད།

བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིན་གྱི་ཐིན་ཀྲང་གཞོན་པ་ཧོང་ཡུང་ཆིང་གིས། “ཆུས་གསུམ་ཁུལ་གསུམ། ཡུལ་སྐོར་སྐོར་ལམ་ཆེན་མོའི་འགྲུལ་ཁུངས་བོད་སྐྱོར་གྱི་ཆེད་གཏོང་མེ་འཁོར”ནི་ལྕགས་ལམ་ཐོན་ཁུངས་དང་ཡུལ་སྐོར་ཐོན་ཁུངས་མཉམ་འདྲེས་གཏིང་ཟབ་བྱས་པའི་མཚོན་ཚུལ་ཞིག་ཡིན་ལ། “ཆུས་གསུམ་ཁུལ་གསུམ”སྦྲེལ་མཐུད་བྱེད་པའི་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་དང་། དབུལ་སྐྱོར་ལ་སྐུལ་འདེད་ཆེན་པོ། མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན་པས། “ཆུས་གསུམ་ཁུལ་གསུམ”གྱི་མང་ཚོགས་སྔར་ལས་མང་བ་ཡུལ་སྐོར་འཕེལ་རྒྱས་ཁྲོད་ཞུགས་ཏེ། དབུལ་ཐར་ཕྱུག་འགྱུར་ཐུབ་པར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།