ནག་ཆུ་ལས་རིགས་སློབ་གྲྭས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སློབ་ཁྲིད་ལས་དོན་གོང་འཕེལ་ལ་ཁྲིད་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས་སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་ལ་དམ་པོར་དམིགས་ཏེ། ཏང་ཡོན་དགེ་རྒན་དང་རིག་ཚན་གྱི་སྣེ་ཁྲིད་པ་གཉིས་ཀ་གསོ་སྐྱོང་དང་ཏང་འཛུགས་སྐྱོང་དང་སློབ་ཁྲིད་གཉིས་ཀ་མཐོར་འདེགས་བྱ་རྒྱུ་དེ་ལས་དོན་སྤེལ་བའི་ཤུགས་རྒྱག་སར་བརྩིས་ནས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཏང་གི་སློབ་ཁྲིད་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་ཁྲིད་སྟོན་བྱས་པ་རེད།

སློབ་གྲྭས་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཏང་ཨུད་ཀྱིས་ཕྱོགས་ཡོངས་ལ་གཅིག་འཛིན་དང་ཁ་ཕྱོགས་སྟངས་འཛིན་གྱི་ནུས་པ་འདོན་པ་དང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་དེ་ཨང་དང་པོར་བརྩི་བ། དགེ་རྒན་གྱི་བསམ་བློའི་ཆབ་སྲིད་ཆུ་ཚད་མཐོ་རུ་གཏོང་བ། ཕུལ་བྱུང་དགེ་རྒན་ཏང་ཡོན་ལ་གསོ་སྐྱོང་དང་། ཏང་ཡོན་ཆེད་ལས་རྐང་འཛིན་པར་གསོ་སྐྱོང་བཅས་བྱས་ཏེ་ཏང་ཡོན་དགེ་རྒན་དང་རིག་ཚན་སྣེ་ཁྲིད་པ་གཉིས་ཀ་གསོ་སྐྱོང་དང་ཏང་འཛུགས་སྐྱོང་དང་སློབ་ཁྲིད་གཉིས་ཀ་མཐོར་འདེགས་ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་པ་རེད།

སློབ་གྲྭས་ཐོག་མཐའ་བར་གསུམ་དུ“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་དགོས་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་ལ་དམ་པོར་དམིགས་ཏེ་སློབ་ཚན་ཡོངས་ཀྱི་ཀུན་སྤྱོད་སློབ་གསོའི་ནང་དོན་སྔོག་འདོན་ཧུར་ཐག་བྱས་ཤིང་། བརྗོད་དོན་གཙོ་བོའི་འཛིན་ཚོགས་དང་། “རྒྱལ་དར་འོག་གི་གཏམ་བཤད”སོགས་བྱེད་སྒོ་སྤེལ་བ་བརྒྱུད་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། ཏང་གི་བཀའ་དྲིན་དྲན་པའི་སློབ་གསོ་བཅས་རྒྱ་ཆེར་སྤེལ་ཏེ་སློབ་མ་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ལ་ཁྲིད་སྟོན་བྱས་པ་རེད།

སློབ་གྲྭས་རྒྱལ་ཁབ་ཀྱི་འབྲིང་རིམ་ལས་རིགས་དཀར་ཆག་ནང་གཏན་འབེབས་བྱས་པའི་སློབ་ཚན་བཀོད་སྒྲིག་བྱེད་པ་དང་། དགེ་རྒན་གྱི་སློབ་ཚན་ཁྲིད་པ་དང་། སློབ་ཁྲིད་གྲ་སྒྲིག སྡོད་བྱ་སོགས་རྒྱུན་གཏན་སློབ་ཁྲིད་ལས་དོན་དོན་འཁྱོལ་ནན་པོ་བྱས་ཏེ་སློབ་ཁྲིད་དང་དོ་དམ་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པར་འགན་ལེན་བྱས་ཤིང་། ཁ་གཏད་རོགས་སྐྲུན་དང་མཉམ་འབྲེལ་སློབ་གཉེར་ལས་དོན་དམ་འཛིན་བྱས་ཏེ་ཀོང་ཏུང་དང་སི་ཁྲོན་སོགས་ས་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གྲྭ་དང་མཉམ་འབྲེལ་གསོ་སྐྱོང་བྱས་ནས་མིག་སྔའི་བར་སློབ་མ100ལྷག་ཙམ་ཀོང་ཀྲོའུ་དང་། ཏེ་དབྱང་། ཀོང་ཡོན་སོགས་ས་ཁུལ་ཏུ་གསོ་སྦྱོང་ལ་བཏང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།