ལྷ་ས་གྲོང་ཁྱེར་སྟག་རྩེ་བཟོ་ལས་ཁུལ་གྱིས་རོང་འབྲོག་པ་ལས་ཞུགས་སྤོ་སྒྱུར་ཁྲོད་བསྡུ་ལེན་བྱེད་པར་ཁྲིད་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སྟོད་དུ། ལྷ་ས་སྟག་རྩེ་བཟོ་ལས་ཁུལ་གྱིས་ཁེ་ལས་བསྐྱར་དུ་ལས་འགོ་བསྐྱར་ཚུགས་དང་པྲོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་ལ་གཅིག་གྱུར་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག ཁེ་ལས་ཀྱིས་རང་ངོས་ཀྱི་ཐོན་ལས་ལེགས་ཆ་འདོན་སྤེལ་བྱ་རྒྱུར་སྣེ་ཁྲིད་དང་། རོང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ལམ་བུའི“མཐའ་མའི་སྤྱི་ལེ་གཅིག”གི་སྟེང་བསྐྱོད་པར་སྐུལ་འདེད་བཏང་། ཟླ6པའི་ཟླ་མཇུག་བར། སྟག་རྩེ་བཟོ་ལས་གླིང་ཁུལ་གྱི་ཁེ་ལས་ལ་སྟག་རྩེ་ཐེམ་ཐོའི་རོང་འབྲོག་པ269ཡོད་པ་དང་རོང་འབྲོག་པ་མི་ཐེངས800ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས། 

དེ་མིན། ལྷ་ས་གྲོང་ཁྱེར་སྟག་རྩེ་བཟོ་ལས་གླིང་ཁུལ་གྱི་ཁེ་ལས་ཀྱིས་ད་དུང་རོང་འབྲོག་པའི་ལས་སྐྲུན་པ་སྐོར་ཞིག་གསོ་སྐྱོང་བྱས་ཡོད། བོད་ལྗོངས་ནོར་འགྲམ་མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་རོང་འབྲོག་པའི་ལས་སྐྲུན་ཁེ་ལས་ཤིག་ཡིན་ལ། པད་ནག་ཟངས་རྡུང་གཙོ་བྱས་བའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཐོན་སྐྱེད་བྱེད་བཞིན་ཡོད། ལོ800ལྷག་གི་རིང་ལ་རྒྱུན་འཛིན་བྱས་པའི་པད་ནག་ཟངས་རྡུང་ལག་རྩལ་སྟེ་གཟུགས་འདས་ཤུལ་བཞག་རིག་གནས་ལག་རྩལ་གྱི་ཤུལ་འཛིན་མཁན་ཡོད་ཆེད་དང་། རོང་འབྲོག་པའི་བུ་ཕྲུག་ལ་ཡོང་སྒོ་འཕར་བའི་ཕྱུག་འགྱུར་གྱི་ལག་རྩལ་ཞིག་ཇེ་མང་དུ་གཏོང་ཆེད། ཀུང་སིས་སྔ་གཞུག་ཏུ་སློབ་མ80ལྷག་སྐྱེད་སྲིང་བྱས་ཤིང་། ད་ལྟ་དེ་དག་གི་ཁྲོད་ལ་ལས་ཕ་ཡུལ་དུ་མཉམ་ལས་ཁང་བཙུགས་པ་དང་། ལ་ལས་ལས་དོན་ཁང་བཙུགས་ཡོད། ལ་ལ་ཞིག་གིས་ནང་ལོག་ས་ཁུལ་དུ་ཀུང་སི་བཙུགས་ནས་སྐད་གྲགས་ཆེ་བའི་ཕྱུག་འགྱུར་སྣེ་ཁྲིད་པ་རུ་གྱུར་ཡོད་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།