བོད་ལྗོངས་ཀྱི་ནགས་ལས་དང་རྩྭ་ཐང་གི་རྩེར་སོན་འཐབ་ཇུས་རིག་མཛོད་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། གནས་ཁེལ་ཁ་གསལ་ཞིང་བཀོད་པ་ལུགས་མཐུན་ཡིན་པའི་ནགས་ལས་དང་རྩྭ་ཐང་གི་ཆེད་ལས་རྣམ་པའི་རིག་མཛོད་བཙུགས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་སྲ་བརྟན་དུ་གཏོང་རྒྱུ་དང་། ནགས་ལས་དང་རྩྭ་ཐང་གི་ཚན་རྩལ་དང་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་བྱུང་བ་མངོན་འགྱུར་བྱ་ཆེད། ཉེ་ཆར་བོད་ལྗོངས་ནགས་ལས་དང་རྩྭ་ཐང་གི་རྩེར་སོན་འཐབ་ཇུས་རིག་མཛོད་དངོས་སུ་བཙུགས་པ་རེད། 

རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ནགས་ལས་དང་རྩྭ་ཐང་གི་རྩེར་སོན་འཐབ་ཇུས་རིག་མཛོད་འཛུགས་སྐྲུན་རྣམ་གྲངས་ལོ་གསུམ་གྱི་དུས་ཚོད་ནང་ལེགས་འགྲུབ་བྱེད་རྩིས་ཡོད་ཅིང་། བོད་ལྗོངས་ཀྱི་ནགས་ལས་དང་རྩྭ་ཐང་གོང་འཕེལ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་དམ་པོར་དམིགས་ནས་སྲིད་ཇུས་ཀྱི་རིན་ཐང་ཆེ་ཆར་ལྡན་པ་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེ་བའི་ཞིབ་འཇུག་གྲུབ་འབྲས་སྐོར་ཞིག་གང་མགྱོགས་སུ་གྲུབ་པར་བྱས་ཏེ། བོད་ལྗོངས་ཀྱི་ནགས་ལས་དང་རྩྭ་ཐང་ཐོན་ལས་འཕེལ་རྒྱས་དང་སྲིད་གཞུང་གི་ཐབས་ཇུས་ལ་ཞབས་འདེགས་ཞུ་རྒྱུ་རེད། 

 རིག་མཛོད་ཆེད་མཁས་པ་ཚོགས་པས་བོད་ལྗོངས་ཀྱི་ནགས་ལས་དང་རྩྭ་ཐང་ལས་ཁུངས་དང་འབྲེལ་བ་དམ་ཟབ་དང་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། འཐབ་ཇུས་འཆར་འགོད་བཀོད་སྒྲིག་སོགས་ཀྱི་ཐད་ཁ་གཏད་རང་བཞིན་དང་གནད་འཕིགས་རང་བཞིན་གྱི་འཐབ་ཇུས་འདེགས་སྐྱོར་དང་ལག་རྩལ་རྒྱབ་སྐྱོར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།