ལྷོ་ཁས་གྲོན་ཆུང་བསྲི་ཚགས་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་སྐྲུན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྷོ་ཁ་གྲོང་ཁྱེར་བསམ་པའི་དཔལ་ཡོན་གཞུང་ལས་ཁང་གི་ལས་དོན་པས་རྩེད་ཐང་གསོལ་མགྲོན་ཁང་སོགས་བཟའ་བཏུང་བྱེད་གནས་སུ་བསྐྱོད་དེ་ལས་བྱེད་མང་ཚོགས་ལ་གྲོས་འདོན་ཡི་གེ་བཀྲམ་ནས།  རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་འཕྲལ་དུ་བྱ་སྤྱོད་སྤེལ་ཏེ་ཟས་རིགས་འཕྲོ་བརླག་མི་གཏོང་བར་ཡ་རབས་ཚུལ་ལྡན་ངང་ཟས་རིགས་སྤྱོད་པ་དང་།  གྲོན་ཆུང་བསྲི་ཚགས་ཀྱི་སྤྱོད་བཟང་སྐྱོང་བའི་དྲིལ་བསྒྲགས་པ་དང་ལག་ལེན་པ།  ལྟ་སྐུལ་པ་བཅས་བྱེད་རྒྱུའི་འབོད་སྐུལ་བྱས་པ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  གོམ་སྟབས་རྗེས་མར་ལྷོ་ཁ་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས།  བརྗོད་དོན་ཁ་གསལ་བ་དང་ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་དེ་བས་མང་བ་སྤེལ་ཏེ།  གྲོན་ཆུང་བསྲི་ཚགས་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཞིག་ཧུར་ཐག་གཏོད་རྒྱུ་རེད།། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།