ཆབ་མདོ་གྲོང་ཁྱེར་གྱིས་རུས་ཚིགས་ནད་ཀྱི་ཆེད་དོན་སྨན་བཅོས་ལས་དོན་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས11ཉིན། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི2020ལོའི་རུས་ཚིགས་ནད་ཀྱི་ཆེད་དོན་སྨན་བཅོས་ལས་དོན་ཁ་རུབ་ཆུས་མི་དམངས་སྨན་ཁང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

རྒྱུས་ལོན་པ་ལྟར་ན། བྱ་འགུལ་དེ་ལག་བསྟར་བྱས་པ་ལས་ཆབ་མདོའི་སྨན་བཅོས་ལས་ཁུངས་ཀྱི་རུས་ཚིགས་རིག་ཚན་འཛུགས་སྐྲུན་དང་། ཤེས་ལྡན་པ་གསོ་སྐྱོང་། དེ་བཞིན་ཆེད་ལས་ལག་རྩལ་བཅས་ཀྱི་ཆུ་ཚད་མཐོར་འདེགས་བྱེད་པར་ཕན་ཐོགས་ཐུབ་པ་རེད། དུས་མཚུངས་སུ་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་དང་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་གམ་དུ་སྐྱེལ་ནས། རུས་ཚིགས་ཀྱི་ནད་པར་བདེ་ཐང་ཡོང་བར་རོགས་རམ་བྱས། བྱ་འགུལ་སྟེང་པེ་ཅིན་སློབ་ཆེན་མི་དམངས་སྨན་ཁང་གི་འཐུས་མིས་ཁ་རུབ་ཆུས་མི་དམངས་སྨན་ཁང་ལ“རྒྱལ་ཁབ་ཀྱི་གྲུམ་བུ་ཚིགས་ཆེན་ནད་དང་ཧྥུལ་རུས་ནད་སྨན་བཅོས་ཆེད་མཁས་པའི་ཚོགས་ཆུང་ཆབ་མདོའི་ལས་དོན་ས་ཚིགས”ཀྱི་སྒོ་བྱང་གནང་བ་རེད།

ཉེ་བའི་ལོ་འགའི་རིང་ལ། ཆབ་མདོ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་ས་གནས་ནད་རིགས་འགོག་བཅོས་ཆེད་དམིགས་ཀྱི་ལོ་གསུམ་འགག་སྒྲོལ་བྱ་སྤྱོད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དངོས་འབེབས་ནན་ཏན་བྱས་པ་དང་། ཕྱོགས་བསྡུས་འགོག་བཅོས་དང་། ཆུའི་སྤུས་ཚད་ལེགས་བཅོས། འབྲུ་རིགས་བརྗེ་བ། ཡུལ་གཞན་གནས་སྤོར། ཡ་རབས་སྐྱོན་བྲལ་གྱི་འཚོ་བའི་གོམས་གཤིས་དར་སྤེལ་སོགས་ཀྱི་བྱེད་ཐབས་བརྒྱུད། རུས་ཚིགས་ཀྱི་ནད་འགོ་བར་ཕན་ནུས་ལྡན་པའི་ངང་ནས་བཀག་འགོག་བྱས། ཆབ་མདོ་གྲོང་ཁྱེར་གྱི་གྲུམ་བུ་ཚིགས་ཆེན་གྱི་ནད་ཚབས་ཆེན་ཕོག་ཁུལ་དུ་ལོ6ནས་ལོ12བར་གྱི་བྱིས་པར་ཞིབ་བཤེར་བྱེད་ཚད2001ལོའི56.95%ནས་ཉེ་བའི་ལོ་གཉིས་རིང་གི་ཀླད་ཀོར་བར་ཆག་པ་དང་། རུས་ཚིགས་ཀྱི་ནད་འགོག་བཅོས་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།