གཞིས་ཀ་རྩེས་མཐོ་གྲང་རི་ཁུལ་གྱི་ཞིང་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཇོ་མོ་གླང་མའི་གླེང་སྟེགས་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ9བའི་ཚེས13ཉིན། གཞིས་ཀ་རྩེམི་དམངས་སྲིད་གཞུང་དང་ཧུའུ་ནན་ཞིང་ལས་སློབ་ཆེན་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་མཐོ་གྲང་རི་ཁུལ་གྱི་ཞིང་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཇོ་མོ་གླང་མའི་གླེང་སྟེགས་གཞིས་ཀ་རྩེ་གྲོང་ཁྱེར་དུ་འཚོགས་འགོ་ཚུགས།

བྱ་འགུལ་སྐབས་སུ།  ཀྲུང་གོ་བཟོ་སྐྲུན་ཁང་དང་། ཀྲུང་གོ་ཞིང་ལས་སློབ་ཆེན། བོད་ལྗོངས་ཞིང་ཕྱུགས་ཚན་རིག་ཁང་། ཧུའུ་ནན་ཞིང་ལས་སློབ་ཆེན་སོགས་ཚན་རིག་ཞིབ་འཇུག་ཁང་དང་སློབ་ཆེན་བཅས་ནས་ཡོང་བའི་མཐོ་རིམ་སློབ་གྲྭའི་ཡོན་ཧྲི་དང་། ཆེད་མཁས་པ། མཁས་དབང་བཅས་དང་། ཞིང་ལས་ཞིང་སྡེ་པུའི་ལྗང་མདོག་ཟས་རིགས་ལྟེ་གནས་དང་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིན། ཚན་རྩལ་ཐིན། ཞིང་ལས་གྲོང་སྡེ་ཐིན་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཚོགས་ཁང་དུ་འཛོམས་ནས“ས་ཞིང་སྦགས་བཙོག་སྔོན་འགོག་དང་། རྨོ་ཞིང་གི་སྤུས་ཚད་མཐོར་འདེགས། སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། སྐྱེ་ལྡན་ལུད་ཁྱབ་གདལ་དང་བེད་སྤྱོད་བྱེད་པ”བཅས་གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོར་དམིགས་ཏེ་བགྲོ་གླེང་དང་སྤེལ་རེས་གཏིང་ཟབ་བྱས། གླེང་སྟེགས་སྟེང《སྐྱེ་ལྡན་ལུད་ཁྱབ་གདལ་བེད་སྤྱོད་དང་། རྨོ་ཞིང་གི་སྤུས་ཚད་མཐོར་འདེགས། ཞིང་ལས་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ》ཞེས་པའི་གྲོས་ཡིག་ལ་མིང་རྟགས་བཀོད་པ་རེད། སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་སྤེལ་བར་འབད་བརྩོན་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྐྱེ་ལྡན་ལུད་སྤྱོད་པར་ཁྱབ་གདལ་དུ་གཏོང་རྒྱུ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་དང་ཇེ་མཐོར་བཏང་སྟེ་ཞིང་ལས་ཀྱི་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པར་བྱས་རྗེས་གསར་བ་དང་བྱས་རྗེས་ཆེན་པོ་འབུལ་དགོས་པ་བསྟན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།