2020ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུགས་དངུལ་འདྲེན་འོས་སྦྱོར་ཚོགས་འདུའི་སྟེང་རྣམ་གྲངས་གྲོས་མཐུན་གྱི་མ་དངུལ་སྒོར་དུང་ཕྱུར136ལྷག་ལ་སླེབས་པ།

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་དང་ཧུའུ་ནན་ཞིང་ཆེན་གྱིས་མཉམ་དུ་སྤེལ་བའི2020ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུགས་དངུལ་འདྲེན་འོས་སྦྱོར་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། འོས་སྦྱོར་ཚོགས་འདུའི་རིང་བསྡོམས་པས་རྣམ་གྲངས34ལ་གན་རྒྱ་བཞག་པ་རེད། གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར136.6ལ་སླེབས་པ་དང་། རྣམ་གྲངས་དེ་དག་ཁྱད་ལྡན་ཞིང་ཕྱུགས་ལས་དང་། མི་རིགས་ལག་ཤེས་བཟོ་ལས། ནུས་རྒྱུ་གཙང་མ། བཟོ་སྐྲུན་རྒྱུ་ཆ། རིག་གནས་ཡུལ་སྐོར། དེང་རབས་ཞབས་ཞུ་སོགས་ཐོན་ལས་དང་འབྲེལ་བ་ཡོད། དེའི་ཁྲོད་ཚོགས་ཐོག་ནས་རྣམ་གྲངས16ལ་གན་རྒྱ་བཞག་པ་དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར105.67ལ་སླེབས། ཚོགས་འདུའི་རྗེས་སུ་རྣམ་གྲངས18ལ་གན་རྒྱ་བཞག་པ་དང་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར30.93བཏང་ཡོད་པ་རེད། 

རྒྱུས་ལོན་པ་ལྟར་ན། ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གོ་སྐབས་སུ་བཟུང་སྟེ། ཚོང་གཉེར་ཁོར་ཡུག་ཡག་པོ་དང་། ཚོང་ལས་ལ་མཐོང་ཆེན་དང་ཚོང་ལས་ལ་དགའ་བའི་རྣམ་པ་བཟང་བོ་ཧུར་ཐག་གིས་སྐྲུན་ནས་ས་གནས་སོ་སོའི་ཁེ་ལས་ཀྱིས་ལྷོ་ཁ་གྲོང་ཁྱེར་དུ་དངུལ་གཏོང་ལས་སྤེལ་བྱེད་པར་ལྷག་བསམ་རྣམ་དག་གིས་གདན་ཞུ་བྱས་ནས། ས་གནས་དེའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་བ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།