“ཆུས་གསུམ་དང་ཁུལ་གསུམ”གྱི་གནས་སྐོར་སྐོར་ལམ་ཆེན་མོའི་ཆེད་གཏོང་མེ་འཁོར་གྱིས་བོད་ལྗོངས་ཀྱི་དབུལ་ཐར་བྱ་བར་རོགས་སྐྱོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཆུས་གསུམ་དང་ཁུལ་གསུམ”གྱི་གནས་སྐོར་སྐོར་ལམ་ཆེན་མོའི་ཆེད་གཏོང་མེ་འཁོར་ལ་དགའ་བསུ་ཞུ་བའི་མཛད་སྒོ་ཚེས9ཉིན་ལྷ་སའི་མེ་འཁོར་འབབ་ཚུགས་སུ་སྤེལ་བ་དང་། གྱིས་བོད་ལྗོངས་ཀྱི་དབུལ་ཐར་བྱ་བར་རོགས་སྐྱོར་བྱས། འབྲི་ཆུའི་ཟུར་གསུམ་ཁུལ་ནས་ཡོང་བའི་གནས་སྐོར་བ360ལྷག་གིས་དུས་ཡུན་གཟའ་འཁོར་གཅིག་གི་རིང་བོད་ལྗོངས་སུ་གནས་སྐོར་བྱ་རྒྱུ་རེད། 

2019ལོའི་ཟླ་དང་པོར་ཀན་སུའུ་དང་། སི་ཁྲོན། ཡུན་ནན། བོད་ལྗོངས། མཚོ་སྔོན། ཞིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཁག་གི་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས“ཆུས་གསུམ་དང་ཁུལ་གསུམ”གྱི་གནས་སྐོར་སྐོར་ལམ་ཆེན་མོའི་དྲིལ་བསྒྲགས་ཁྱབ་གདལ་མནའ་འབྲེལ་བཙུགས་པ་རེད། 2019ལོར་བོད་ལྗོངས་ཀྱིས“ཆུས་གསུམ་ཁུལ་གསུམ”གྱི་གནས་སྐོར་སྐོར་ལམ་ཆེན་མོའི་བོད་ལྗོངས་སུ་ཁྱབ་གདལ་གཏོང་བའི་བྱ་འགུལ་སྤེལ་ཞིང་། 2020ལོར་གནས་སྐོར་སྐོར་ལམ་ཆེན་མོའི་ཆེད་གཏོང་མེ་འཁོར་དངོས་སུ་ཤར་གཏོང་བྱས། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཆེད་གཏོང་མེ་འཁོར་ཚེས8ཉིན་མཚོ་སྔོན་ཟི་ལིང་ནས་འགོ་བརྩམས་ཏེ། ན་གོར་མོ་དང་ནག་ཆུ་སོགས་བརྒྱུད། ཚེས9ཉིན་ལྷ་སར་འབྱོར་ཞིང་། བོད་ལྗོངས་སུ་འདུག་པའི་རིང་གནས་སྐོར་བ་ལྷ་ས་དང་ཉིང་ཁྲི་སོགས་སུ་བསྐྱོད་དེ་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་རོལ་མྱོང་བྱ་རྒྱུ་རེད། 

བོད་རང་སྐྱོང་ལྗོངས་གནས་སྐོར་འཕེལ་རྒྱས་ཐིན་གྱི་ཐིན་ཀྲང་གཞོན་པ་ཧོང་ཡུང་ཆིང་གིས་བཤད་རྒྱུར། “ཆུས་གསུམ་ཁུལ་གསུམ·གནས་སྐོར་སྐོར་ལམ་ཆེན་མོའི་འགྲུལ་ཁུངས་བོད་སྐྱོར་མེ་འཁོར”ནི་ལྕགས་ལམ་ཐོན་ཁུངས་དང་གནས་སྐོར་ཐོན་ཁུངས་མཉམ་འདྲེས་གཏིང་ཟབ་བྱེད་པའི་མཚོན་ཚུལ་ཞིག་ཡིན་ལ། “ཆུས་གསུམ་ཁུལ་གསུམ”གྱི་གནས་སྐོར་འཕེལ་རྒྱས་ཆེན་པོ་དང་། དབུལ་སྐྱོར་སྐུལ་འདེད་ཆེན་པོ། མཉམ་ལས་མཐོར་འདེགས་ཆེན་མོ་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། “ཆུས་གསུམ་དང་ཁུལ་གསུམ”གྱི་མང་ཚོགས་སྔར་ལས་མང་པོ་གནས་སྐོར་འཕེལ་རྒྱས་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་ཐུབ་ཟེར། ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།