བོད་ལྗོངས་ཀྱི་འཁོར་ལམ་གསུམ་གྱི་བཅད་ངོས་ཆེན་པོའི་གཞུང་ལམ་གྱི་ཕུག་ལམ་ཐོག་མ་དེར་རླངས་འཁོར་ཤར་གཏོང་བྱེད་པའི་ཆ་རྐྱེན་འཛོམས་པ།

139357974_15997097253421n.jpg

འདི་ནི་ཟླ9བའི་ཚེས8ཉིན་བོད་ལྗོངས་ཀྱི་འཁོར་ལམ་གསུམ་གྱི་བཅད་ངོས་ཆེན་པོའི་གཞུང་ལམ་ཕུག་ལམ་ལྷ་གཞིས་གཞུང་ལམ་ཤེལ་གྲོང་ཕུག་ལམ་ཐོག་མ་དེར་སྣུམ་ལམ་བཏང་ནས་ལེགས་འགྲུབ་བྱུང་བའི་རྣམ་པ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས8ཉིན། རྒྱལ་ལམ318ལམ་རྒྱུད་ཀྱི་ལྷ་ས་ནས་གཞིས་རྩེ་བར་གྱི་གནམ་གྲུ་ཐང་མཚམས་ཀྱི་གཞུང་ལམ་གསར་སྐྲུན་རྒྱས་སྐྲུན་ལས་གཞི(“ལྷ་གཞིས་གཞུང་ལམ”ཞེས་བསྡུ་རྒྱུ)ནས་བསྒྲགས་ཡོང་བའི་གཏམ་བཟང་ལྟར་ན། ཀྲུང་གོ་ལྕགས་ལམ་ཅུའུ་བཅོ་ལྔ་བའི་སྡེ་ཚོགས་ཚད་ཡོད་ཀུང་སིས(“ཀྲུང་གོ་ལྕགས་ལམ་ཅུས་བཅོ་ལྔ་པ”ཞེས་བསྡུ་རྒྱུ)ཡིས་སྐྲུན་འགན་འཁུར་བའི་བོད་ལྗོངས་ཀྱི་འཁོར་ལམ་གསུམ་གྱི་བཅད་ངོས་ཆེན་པོའི་གཞུང་ལམ་ཕུག་ལམ་དང་པོ་ལྷ་རི་གཞུང་ལམ་ཤེལ་གྲོང་ཕུག་ལམ་ལ་སྣུམ་ལམ་གཏོང་བའི་ལས་གཞི་ལེགས་འགྲུབ་བྱུང་སྟེ། རླངས་འཁོར་ཤར་གཏོང་གི་ཆ་རྐྱེན་འཛོམས་པ་རེད། 

139357974_15997097574701n.jpg

འདི་ནི་ཟླ9བའི་ཚེས8ཉིན་ལྷ་གཞིས་གཞུང་ལམ་ལྷ་སའི་མཚམས་ཀྱི་རླངས་འཁོར་ཤར་གཏོང་བྱེད་པའི་ཆ་རྐྱེན་ཕལ་ཆེར་འཛོམས་པའི་རྣམ་པ་རེད། 

ཀྲུང་གོ་ལྕགས་ལམ་ཅུའུ་བཅོ་ལྔ་བའི་ལྷ་གཞིས་གཞུང་ལམ་ལས་གཞི་ས་མཚམས་དང་པོའི་རྣམ་གྲངས་པུའི་ཡུལ་དངོས་ཀྱི་འགན་འཁུར་བ་ཁྲེན་ལུང་ལུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལྷ་གཞིས་གཞུང་ལམ་གྱི་ལམ་མཚམས་དང་པོ་དེ་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཁར་གྱི་གཞུང་ལམ་རྩིས་སྤྲོད་རྩིས་ལེན་བྱ་ཡུལ་དུ་གནས་ཡོད། ཕུག་ལམ་གསུམ་དང་ཟམ་ཆེན་གཅིག་འདུས་ཡོད། དེའི་ནང་ཤེལ་གྲོང་ཕུག་ལམ་གྱི་བཅད་ངོས་སྨི་གྲུ་བཞི་མ164.8ཟིན་ཡོད་ཅིང་། དེ་ནི་བོད་ལྗོངས་ཀྱི་འཁོར་ལམ་གསུམ་གྱི་བཅད་ངོས་ཆེན་པོའི་གཞུང་ལམ་གྱི་ཕུག་ལམ་ཐོག་མ་ཡིན་ཟེར། 

139357974_15997097715981n.jpg

འདི་ནི་ཟླ9བའི་ཚེས8ཉིན་ལས་བཟོ་བས་མཇུག་བསྡུ་བའི་ལས་གཞི་ལག་བསྟར་བྱེད་བཞིན་པའི་ཚུལ་རེད།

ལྷ་གཞིས་གཞུང་ལམ་ནི་བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”གཞུང་ལམ་འགྲིམ་འགྲུལ་འཆར་འགོད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་སྦྲེལ་མཐུད་བྱེད་པའི་རྣམ་གྲངས་འཛུགས་སྐྲུན་གྱིས་བོད་ལྗོངས་ཀྱི་ལམ་དྲའི་གྲུབ་ཆ་འཐུས་ཚང་དུ་བཏང་སྟེ། བོད་ལྗོངས་སུ་འགྲོ་འོང་བྱེད་པའི་གཞུང་ལམ་གྱི་རླངས་འཁོར་ཤར་གཏོང་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས། རྒྱལ་སྲུང་སྲ་བརྟན་དུ་གཏོང་བ་དང་། ལམ་རྒྱུད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལྷ་ས་ལྟེ་བར་འཛིན་པའི་ཆུ་ཚོད3ཅན་གྱི་དཔལ་འབྱོར་ཁུལ་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།