རྫོང(ཆུས)རིམ་པའི་སྒོ་འགྲམ་གྱི་ནང་སའི་བོད་ལྗོངས་འཛིན་གྲྭ་ཐོག་མ་དེ་སློབ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྫོང(ཆུས)རིམ་པའི་སྒོ་འགྲམ་གྱི་ནང་སའི་བོད་ལྗོངས་འཛིན་གྲྭ་ཐོག་མ་སྟེནན་ཅིན་འཛིན་གྲྭམལ་གྲོ་གུང་དཀར་རྫོང་དུ་སློབ་འགོ་ཚུགས་པའི་མཛད་སྒོ་བསྡུས།

“‘ནན་ཅིན་འཛིན་གྲྭ’ཡིས‘ཚོགས་སྒྲིག་རྣམ་པའི’སློབ་གསོའི་བོད་སྐྱོར་ལ་བརྟེན་ནས། དམིགས་ཡུལ་ནི་ས་གནས་དེའི་དགེ་རྒན་གྱི་གྲུབ་ཆའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པར་རོགས་སྐྱོར་བྱས་ནས། དགེ་རྒན་གྱི་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།”ཅེས་ནན་ཅིན་གྲོང་ཁྱེར་གྱི་སྐོར་དགུ་བའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། མལ་གྲོ་གུང་དཀར་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྫོང་དཔོན་གཞོན་པ་ཁྲེན་ལེའང་གིས་དེ་ལྟར་ངོ་སྤྲོད་བྱས།

རྒྱུས་ལོན་པ་ལྟར་ན། མིག་སྔར། 2020ལོའི་སྟོན་དུས་ཀྱི“ནན་ཅིན་འཛིན་གྲྭ”ཡིས་མལ་གྲོ་གུང་དཀར་རྫོང་སློབ་འབྲིང་དུ་དམའ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ2བཙུགས་པ་དང་། འཛིན་གྲྭ་རེར་སློབ་མ45ཙམ་ཡོད། འཛིན་གྲྭ་རེར་འཛིན་གྲྭའི་ཀྲུའུ་རེན་དང་འཛིན་གྲྭའི་ཀྲུའུ་རེན་གཞོན་པ་རེ་བཀོད་སྒྲིག་བྱས་པ་དེ་དག་ནན་ཅིང་བོད་སྐྱོར་དགེ་རྒན་དང་མལ་གྲོ་གུང་དཀར་རྫོང་སློབ་འབྲིང་གི་དགེ་རྒན་སོ་སོས་འགན་འཁུར་ཡོད། རྒྱ་ཡིག་དང་། རྩིས་རིག དབྱིན་ཡིག་སོགས་སློབ་ཚན6གི་བོད་སྐྱོར་དགེ་རྒན་ལས་གནས་སུ་ཞུགས་ཡོད། 

བྱ་འགུལ་གྱི་ཉིན་མོ་དེར་སྔོན་ཐོན་ཐུན་མོང4དང་། ཕུལ་བྱུང་དགེ་རྒན71། ཕུལ་བྱུང་སློབ་མ26བཅས་ལ་གཟེངས་བསྟོད་བྱས་པ་མ་ཟད། “སྐལ་བཟང་མེ་ཏོག་བཞད”ཅེས་པའི་དགེ་རྒན་རོགས་སྐྱོར་དངུལ་རྩ་སྐོར་དང་པོ་དང་གཅེས་སེམས་བྱ་དགའི་ཐེབས་རྩ་རྩིས་སྤྲོད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།