བོད་ལྗོངས་སློབ་ཆེན་གྱིས་དགེ་རྒན་དུས་ཆེན་ཐེངས36པར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས9ཉིན་གྱི་ཕྱི་དྲོར། བོད་ལྗོངས་སློབ་ཆེན་གྱིས་དགེ་རྒན་དུས་ཆེན་ཐེངས36པར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་བསྡུས་པ་རེད།

རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་བོད་ལྗོངས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཉི་མ་ཚེ་རིང་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གནང་།

ཚོགས་འདུའི་སྟེང་དུས་ཡུན་རིང་པོའི་ནང་བོད་ལྗོངས་སློབ་ཆེན་ཏང་ཨུས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོ་བའི་མཐོང་ཆེན་དང་ཤུགས་སྣོན་ཧུར་ཐག་བྱས་ཏེ། ཤེས་ལྡན་མི་སྣར་བརྟེན་ནས་སློབ་གྲྭ་སྟོབས་ཆེན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་དང་། དགེ་རྒན་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་བསྒྱུར་བཅོས་ཟབ་སྤེལ། དགེ་རྒན་གསོ་སྐྱོང་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱ་རྒྱུར་སྐུལ་འདེད་བཏང་བས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། མིག་སྔར་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་དཔུང་ཁག་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། གྲུབ་ཆ་ཉིན་རེ་བཞིན་ལུགས་མཐུན་དུ་གྱུར་བ། སྤྱི་ཡོངས་ཀྱི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ། དཔེ་ཁྲིད་མི་སྐྱོང་གི་ནུས་བ་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད་པར་བསྟན། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། རྒྱལ་ཡོངས་དགེ་རྒན་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བཞི་ལྡན་དགེ་རྒན་བཟང་པོ”དང་། “ལམ་ཁྲིད་པ་བཞི”“ཕན་ཚུན་གཅིག་གྱུར་བཞི”བཅས་ཀྱི་མཛུབ་སྟོན་གལ་ཆེན་ཚད་གཞིར་བཟུང་ནས། ཐོག་མཐའ་བར་གསུམ་དུ“དགེ་རྒན་”དེ“ཐོབ་ཐང་དང་པོར”བརྩིས་བ་དང་། “སྤྱོད་ལམ་བཟང་བ”དེ་“འགན་འཁྲི་ཨང་དང་པོར”འཛིན་པ། “མི་སྣ་གསོ་སྐྱོང”དེ“ལས་འགན་ཨང་དང་པོར”འཛིན་པ། “སློབ་སྐྱོང”ནི“འཚོལ་སྙེག་ཨང་དང་པོ”ཡིན་པར་འཛིན་དགོས། “དགེ་རྒན་གྱི་ཀུན་སྤྱོད”དེ“ཚད་གཞི་ཨང་དང་པོར”བརྩིས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། སློབ་མར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་བཞེངས་སྐྲུན་བྱེད་པར་རོགས་སྐྱོར་དང་། སློབ་མར་ལས་ཞུགས་ལྟ་བ་དང་ལས་འདེམས་ལྟ་བའི་ཐད་སློབ་གསོ་གཏོང་བར་ཤུགས་བསྣན་ནས། སློབ་མ་ཚོས་མེས་རྒྱལ་དང་བོད་ལྗོངས་འཕེལ་རྒྱས་གཏོང་བའི་དགོས་མཁོ་ཆེས་སར་འབད་བརྩོན་བྱེད་པར་སྐུལ་མ་གཏོང་དགོས། ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།