ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གཏིང་ཟབ་བྱེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུད་ཏུང་གི་བཀའ་སློབ་བླང་བྱ་གཞིར་བཟུང་།  རང་སྐྱོང་ལྗོངས་སྒྲིག་ཨུ་རྒྱུན་ཨུ་ཡི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས།  2020ལོའི་སློབ་སྦྱོང་ཚོགས་འདུ་ཐེངས11པ་འཚོགས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ཡོད།

ཚོགས་འདུའི་ཐོག  ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ཏེ།  ཆབ་སྲིད་ཀྱི་ལྟ་སྐུལ་མངོན་ཆེར་འཛིན་པ་དང་རྒྱུན་གཏན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས།  ལྟ་སྐུལ་འགན་སྲུང་ལག་བསྟར་བྱས་ཏེ་གོང་འཕེལ་གྱི་ནུས་པ་འཐུས་སྒོ་ཚང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།  ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བཏོན་པའི་བོད་ཀྱི་ལས་ཀའི་དམིགས་ཚད་ལས་འགན་དང་མཛད་ཕྱོགས་སྲིད་ཇུས།  ཐབས་ཇུས་བྱ་ཐབས་སོགས་ལ་དམིགས་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་དོར་ཏེ་ཏང་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད།  བྱ་སྤྱོད་སྤེལ་འགོར་བ་དང་ཁྲལ་སེལ་སླ་སྤྱོད་སོགས་ཀྱི་ལས་མི་བྱེད་པ་དང་ལས་འགྱངས་གཏོང་བ།  མི་དགོས་ལས་རྙོག་བཟོ་བ་སོགས་ཀྱི་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་གཏོང་དགོས་པའི་མཛུབ་སྟོན་གནང་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།