​བོད་ལྗོངས་གཞིས་ཀ་རྩེའི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ་རྣམས་གྲོང་ཚོ་གསར་བ་རུ་གནས་སྤོར་ཐུབ་པ་བྱུང་།

139348547_15994462517231n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོ་ནས་བཟུང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་ཀུའོ་ཅ་གྲོང་ཚོ་གསར་བས་ས་བབ་མཐོ་བའི་རྫོང(ཆུས)9ཡི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ351གཅིག་རྗེས་གཉིས་མཐུད་ངང་བསུས་པ་རེད། གྲོང་ཚོ་གསར་བར་ཆུ་དང་། གློག ལམ། དྲ་རྒྱ་བཅས་ཤར་གཏོང་བྱས་ཡོད། གནས་སྤོས་གྲོང་མིས་སྔོ་ཚལ་འདེབས་འཛུགས་དང་། ནོར་ལུག་གསོ་ཚགས། སྡོང་ཕྲུག་ར་བ་དོ་དམ་སོགས་ཀྱི་ལས་དོན་སྤེལ་བས་སྡོད་གནས་དང་འཚོ་བའི་ཆ་རྐྱེན་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།