ཆབ་མདོ་གྲོང་ཁྱེར་གྱིས་བྱེད་ཐབས་དངོས་བཏོན་ནས་ད་ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ1པོ་ནས་ཟླ8པའི་བར་ཆབ་མདོ་གྲོང་ཁྱེར་གྱི་མཐོ་སློབ་མཐར་ཕྱིན་སློབ་མ2731གིས་ལས་ཞུགས་བྱེད་ཐུབ་པ་བྱུང་།

ད་ལོའི་རིང་ལ། ཆབ་མདོ་གྲོང་ཁྱེར་གྱིས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་དེ་དམངས་འཚོའི་བཟོ་འགོད་དང་དམངས་སེམས་བཟོ་འགོད་གལ་ཆེན་དུ་བརྩིས་ནས། ཧུར་ཐག་གིས་ལས་ཞུགས་ཚོང་ར་རྒྱ་བསྐྱེད་དུ་བཏང་། ད་ལོའི་ཟླ6པར། ཧྲན་ཤིས་ཅིན་ཁོ་ཁོར་ཡུག་སྲུང་སྐྱོང་ཚད་ཡོད་ཀུང་སི་དང་། བོད་ལྗོངས་སྐྱིད་ས་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ། ཆབ་མདོ་གྲོང་ཁྱེར་ལན་ཐེན་ཧྲིན་ཅེ་ཐོན་ལས་དངུལ་གཏོང་ཚད་ཡོད་ཀུང་སི་སོགས་ཁེ་ལས་དང་འབྲེལ་མཐུད་བྱས་ཏེ། ལས་གནས284གསར་སྤེལ་བྱས།

ཆབ་མདོ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་མཐོ་སློབ་གཞུང་དོན་ཁང་གི་ལས་དོན་མི་སྣ་མེ་ཅེ་ཡིས་གསར་འགོད་པར་བཤད་རྒྱུར། ད་ལོའི་རིང་ལ་ཆབ་མདོ་གྲོང་ཁྱེར་གྱིས་རང་འགུལ་ངང་ཁ་གཏད་རོགས་སྐྱོར་ཞིང་ཆེན(གྲོང་ཁྱེར)དང་ཁེ་ལས་དང་དེ་མིན་ལྗོངས་ཕྱིའི་ཁེ་ལས་སྣ་ཚོགས་དང་འབྲེལ་མཐུད་བྱས་ནས། བསྡོམས་པས་ལྗོངས་ཕྱི་རོལ་གྱི་རིགས་སོ་སོའི་ལས་ཞུགས་ལས་གནས5558གསར་སྤེལ་བྱས་ཡོད་ཟེར།

གྲངས་གཞི་ལས་མངོན་པ་ལྟར་ན། 2020ལོར་ཆབ་མདོ་གྲོང་ཁྱེར་དུ་ད་ལོའི་མཐོ་སློབ་མཐར་ཕྱིན་སློབ་མ་བསྡོམས་པས3674ཡོད་པ་དང་། ཟླ8པའི་ཚེས27ཉིན་བར་གཞུང་གི་ལས་གནས་ལ་བརྟེན་ནས་མི་གྲངས856ལས་ཞུགས་བྱས་པ་དང་། ཁྲོམ་རར་ཁ་ཕྱོགས་ཏེ་མི་གྲངས187ལས་ཞུགས་བྱས། ཁྲོམ་རར་བརྟེན་ནས་ལས་ཞུགས་བྱས་པའི་མི་གྲངས་ཀྱི་བསྡུར་ཚད68.66%ཟིན། བསྡོམས་པས་ལས་ཞུགས་ལས་གནས13011གསར་སྤེལ་བྱས་ཤིང་། དེའི་ནང་ལྗོངས་ཕྱིའི་ལས་གནས་5558ཡོད་པ་དང་། དེའི་བསྡུར་ཚད42.72%ཟིན་ཡོད་པ་རེད། 

གཞན་ཡང་ད་ལོར་ཆབ་མདོ་གྲོང་ཁྱེར་གྱིས་རོང་འབྲོག་པ་མི་ཁྲི13.57ལས་ཞུགས་སྤོ་སྒྱུར་བྱས་ཤིང་། ལོ་འཁོར་དམིགས་འབེན་གྱི113%ལེགས་འགྲུབ་བྱས་ལ། ཡོང་སྒོ་སྒོར10.34འཕར་སྣོན་བྱུང་སྟེ། ལོ་འཁོར་དམིགས་འབེན་ལས་འགན་གྱི156.7%ལེགས་འགྲུབ་བྱས། བསྡོམས་པས་རོང་འབྲོག་མང་ཚོགས་མི13518ལ་གསོ་སྦྱོང་སྤེལ་ཡོད་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།