ཆབ་མདོ་གྲོང་ཁྱེར་གྱི་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་རིང་ལ། ཆབ་མདོ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཕན་འབྲས་ཀྱང་ཐོག་མར་མངོན་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་རྫོང་ཡོད་ཚད་ཀྱིས་རྫོང་ཁོངས་ཀྱི་སྨན་བཅོས་བཅོས་བསྒྱུར་ལས་དོན་ཕྱོགས་ཡོངས་ནས་སྤེལ་བར་སྣེ་ཁྲིད་གང་ལེགས་བྱས་ཡོད།

ལོ་སྟོད་དུ། ཆབ་མདོ་གྲོང་ཁྱེར་གྱིས་ལྷོ་རོང་རྫོང་དང་སྨར་ཁམས་རྫོང་གཉིས་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་ཚོད་ལྟ་རྫོང་དུ་བཀོད་སྒྲིག་བྱས། ཟླ4བར་མཛོ་སྒང་རྫོང་དང་། སྟེང་ཆེན་རྫོང་། བྲག་གཡབ་རྫོང་བཅས་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་ཚོད་ལྟ་རྫོང་དུ་བཅུག ཟླ6པར་བརྡ་སྦྱོར་བཏང་སྟེ་ད་ལོར་གྲོང་ཁྱེར་ཡོངས་ཀྱི་རྫོང་ཡོད་ཚད་ཀྱིས་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་བྱེད་དགོས་པར་གཏན་ཁེལ་བྱས།

མིག་སྔར་མཛོ་སྒང་རྫོང་དང་སྨར་ཁམས་རྫོང་། ལྷོ་རོང་རྫོང་བཅས་ཀྱི་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་ལས་དོན་ཐད་ཅུང་ཆ་ཚང་ཡིན་པའི་སྲིད་ཇུས་མ་ལག་དང་ལག་བསྟར་ཐབས་ལམ་བཟོས་ཡོད་པ་དང་། བྲག་གཡབ་རྫོང་དང་སྟེང་ཆེན་རྫོང་གིས་ལག་བསྟར་ཇུས་གཞི་དང་བྱེད་ཐབས་ཁ་ཚང་བཟོས་ཡོད། གོ་འཇོ་རྫོང་གི་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་ཇུས་གཞི་གོམ་སྟབས་རྗེས་མར་རྫོང་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུར་ཞིབ་འཇུག་གནང་བར་ཕུལ་རྗེས་དངོས་སུ་འགྲེམ་གཏོང་བྱ་རྒྱུ་དང་། དཔལ་འབར་རྫོང་གིས་རྫོང་དེའི་སྨན་བཅོས་བཅོས་བསྒྱུར་ལས་དོན་གྱི་ཇུས་གཞི་སྔར་ལས་འཐུས་ཚང་དུ་གཏོང་བཞིན་ཡོད། ཁ་རུབ་ཆུས་ཀྱིས་འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ནས་ས་གནས་དེར་འཚམ་པའི་ལག་བསྟར་ཇུས་གཞི་བཟོ་བར་དཔྱད་བསྡུར་བྱེད་བཞིན་ཡོད་ལ། རྫོང་གཞན་དག་གིས་རྫོང་དེའི་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་ཇུས་གཞི་བཟོ་བཞིན་པའི་སྒང་ཡིན།  །  

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།