ལྷོ་ཁ་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་ཞིབ་ཚགས་དང་སློབ་སྦྱོང་གཏིང་ཟབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོའི་ཁོངས་གཏོགས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྐུལ་སྤེལ་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་གྲྭར་ཁྱབ་གདལ་དང་། སློབ་དེབ་ནང་འགོད་པ། དགེ་སློབ་ཀྱི་སེམས་སུ་འཇགས་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གྲྭ་འདི་ཉིད་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་གཡུལ་ས་གལ་ཆེན་དང་། སློབ་གྲར་སྤེལ་བའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་གྲྭར་ཁྱབ་གདལ་གཏོང་རྒྱུ་དང་། སློབ་དེབ་ནང་འགོད་རྒྱུ། དགེ་སློབ་ཀྱི་སེམས་སུ་འཇགས་པར་བྱ་རྒྱུ། སློབ་གྲྭའི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་དགོས་ངེས་བླང་བྱར་བརྩིས་ཡོད། རིམ་ཁག་སློབ་གསོའི་སྡེ་ཚན་དང་སློབ་གྲྭ་ཁག་ལ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཚད་མཐོའི་མཐོང་ཆེན་བྱེད་པ། ཚད་གཞི་མཐོན་པོས་སྐུལ་འདེད་གཏོང་བ། ཕན་འབྲས་ཆེན་པོས་དོན་འཁྱོལ་བྱེད་པ། “སྣང་ཆེན་བཞི་དང་དགའ་ཞེན་བཞི”སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ནང་དོན་གལ་ཆེན་ལ་བརྩིས་ནས་དམ་འཛིན་ནན་པོ་དང་། ཏན་ཏིག ཞིབ་ཚགས་བཅས་བྱེད་དགོས་པ་མ་ཟད། རྒྱ་ཆེའི་དགེ་རྒན་དང་ལྷག་དོན་དུ་བསམ་བློ་ཆབ་སྲིད་དགེ་རྒན་གྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས་ཤིང་། གུང་གསེང་རིང་སློབ་མ་རྣམས་ལ་དུས་རབས་གསར་པའི་རིག་གནས་ལག་ལེན་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུའི་ཁྲིད་སྟོན་བྱས་ཏེ། སློབ་མས་ཁྱིམ་ཚང་ལ་བག་ཆགས་བཟང་པོ་འཇོག་པ་དང་ཁྱིམ་ཚང་གིས་སྤྱི་ཚོགས་ལ་བག་ཆགས་བཟང་པོ་འཇོག་པའི་དམིགས་ཚད་མངོན་འགྱུར་ཐུབ་པར་བྱས་ནས། སློབ་གསོའི་ཁོངས་གཏོགས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་གཡུར་ཟའི་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།