བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་བཟའ་བཏུང་འཕྲོ་བརླག་གི་བྱ་སྤྱོད་གཏན་འགོག་བྱེད་པའི་གྲོས་ཡིག་ཁྱབ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་བོད་ལྗོངས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནས་རྒྱུས་ལོན་པ་ལྟར་ན། བཟའ་བཏུང་འཕྲོ་བརླག་གི་བྱ་སྤྱོད་གཏན་འགོག་བྱས་ཏེ། གྲོན་ཆུང་གི་གོམས་སྲོལ་ཡག་པོ་སྐྱེད་སྲིང་བྱ་ཆེད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་དགེ་སློབ་ཡོངས་ལ་བཟའ་བཏུང་འཕྲོ་བརླག་གི་བྱ་སྤྱོད་གཏན་འགོག་བྱེད་པའི་གྲོས་འདོན་ཡི་གེ་ཁྱབ་བསྒྲགས་བྱས།

རྒྱུས་ལོན་པ་ལྟར་ན།  གྲོས་འདོན་ཡི་གེ་ཁྲོད་གྲོན་ཆུང་གི་འཚོ་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བདེ་ཐང་གི་འཛད་སྤྱོད་འདུ་ཤེས་ལག་ལེན་བྱེད་པ། ལུས་གསོའི་དུས་རབས་ཀྱི་དར་སྲོལ་ལ་ཁྲིད་སྟོན་ཧུར་ཐག་བྱེད་པ་སོགས་ཀྱི་ཐད་ནས། རྒྱ་ཆེའི་དགེ་སློབ་ཀྱིས་རང་ཉིད་ནས་འགོ་བརྩམས་ཏེ། སྡེར་གཙང་བྱ་སྤྱོད་ཁྲོད་ཧུར་ཐག་གིས་ཞུགས་ཏེ། རི་སྐྱེས་ཀྱི་ཟས་རིགས་མི་ཟ་བ་དང་། གཞུང་ཐུར་དང་གཞུང་ཁེམ་སྤྱོད་པ་སོགས་སྤྱི་ཚོགས་ཀྱི་ལག་ལེན་བྱ་འགུལ་སྤེལ་ནས་ལྕེ་ཐོག་གི་ཆུད་ཟོས་སོགས་ཀྱི་སྲོལ་ངན་ཐུན་མོང་ངང་བཀག་འགོག་བྱ་རྒྱུ། ཡ་རབས་ངང་ཟ་མ་ཟ་བར་བརྩོན་ཞིང་ཀུན་སྤྱོད་བཟང་བའི་དྲིལ་བསྒྲགས་པ་དང་ལག་ལེན་པ་བྱེད་པར་འབད་བརྩོན་བྱེད་དགོས་པ་བཏོན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།