ཕད་གྲོང་རྡལ་ནས་མེ་ཏོག་རྫོང་བར་གྱི་གྲོང་ཚོའི་གཞུང་ལམ2021ལོར་ལེགས་འགྲུབ་འབྱུང་རྩིས་ཡོད།

139339989_15991216829881n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་ཕད་གྲོང་རྡལ་ནས་མེ་ཏོག་རྫོང་བར་གྱི་གྲོང་ཚོའི་གཞུང་ལམ་ནི་བོད་ལྗོངས་ཀྱི་གཙོ་གནད་དམངས་འཚོའི་ལས་གཞི་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ66.7ཡོད། གཞུང་ལམ་ཧྲིལ་བོ2021ལོར་ཡོངས་སུ་ལེགས་འགྲུབ་འབྱུང་རྩིས་ཡོད། ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྗེས། ཉིང་ཁྲི་གྲོང་ཁྱེར་ནས་མེ་ཏོག་རྫོང་མཁར་བར་གྱི་གཞུང་ལམ་ལམ་ཐག་དེ་སྔོན་ཆད་སྤོ་བོ་རྫོང་མཁར་བརྒྱུད་པའི་སྤྱི་ལེ346ཡོད་པ་ནས་ཕད་གྲོང་རྡལ་བརྒྱུད་པའི་སྤྱི་ལེ180ཇེ་ཐུང་དུ་བཏང་ཡོད། དེ་མིན་མེ་ཏོག་རྫོང་ལ་འགྲོ་འོང་བྱེད་པའི་ལམ་ཐིག་ཆགས་ནས་མེ་ཏོག་རྫོང་གི་འགྲིམ་འགྲུལ་དཀའ་ཁག་ཞི་ལྷོད་དུ་གཏོང་ཐུབ། དུས་མཚུངས་སུ། ལས་གཞི་འཛུགས་སྐྲུན་ལ་བརྟེན་ནས་ས་གནས་དེའི་འཐུང་ཆུ་དཀོན་པ་དང་ཞིང་ཆུ་འདྲེན་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས་ནས་ལམ་རྒྱུད་ཀྱི་མི་ཁྲི1.4ལ་ཕན་ཐོགས་ཡོད་པ་མ་ཟད། བོད་ལྗོངས་ཀྱི་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བར་ཕྱོགས་ཡོངས་ནས་སྣེ་ཁྲིད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།