ཆབ་མདོ་གྲོང་ཁྱེར་གྱིས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་དྲན་གསོ་ཞུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་བར་དྲན་གསོ་ཞུ་བ་དང་བོད་ལྗོངས་གསར་བ་ཞེས་པའི་སྐབས་གཉིས་པའི་དཔེ་ཀློག་པའི་དུས་ཆེན་ཏེ།  ཏང་གི་དུས་དེབ་ཆབ་མདོར་གཉེར་བའི་བཞུགས་མོལ་ཚོགས་འདུ་ཉེ་དུས་ཆབ་མདོ་གྲོང་ཁྱེར་གྱི་ཁམས་པའི་རིག་གནས་འགྲེམས་འཁྲབ་ལྟེ་གནས་སུ་འཚོགས་པ་རེད།

རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་བྱ་འགུལ་སྤེལ་དོན་ནི་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་བར་དྲན་གསོ་ཞུ་རྒྱུ་དང་།  ཏང་གི་དུས་དེབ་ཀྱི་དམིགས་བསལ་ལྟ་ཕྱོགས་ཐོག་ནས་བོད་ལྗོངས་སྤྱི་དང་ལྷག་པར་དུ་ཆབ་མདོར་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་གསོན་ཉམས་ལྡན་པའི་ངང་ལག་བསྟར་བྱུང་ལུགས་གང་ལེགས་མངོན་པར་བྱེད་རྒྱུ་མ་ཟད།  ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་ཅུ་སོང་རིང་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཀྱང་གང་ལེགས་མངོན་པར་བྱེད་རྒྱུ་དེ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།