བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་མཁའ་ལམ་ཤར་གཏོང་བྱེད་ཚད120ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་དོ་དམ་ཅུའུ་ཡིས་ཟླ9བའི་ཚེས2ཉིན་གསར་དུ་ཁྱབ་བསྒྲགས་བྱས་པ་ལྟར་ན། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་མཁའ་ལམ་ཤར་གཏོང་བྱེད་ཚད120ལ་སླེབས་པ་དང་། མཁའ་ལམ་ཤར་གཏོང་བྱེད་པའི་གྲངས་ཀ་ལ་ཚད་བརྒལ་གསར་བ་བྱུང་། དེ་མིན་མཁའ་ལམ་ཤར་གཏོང་བྱས་པའི་གྲོང་ཁྱེར60ཡོད་པ་དང་། འཕུར་བསྐྱོད་ལག་བསྟར་དང་དངོས་ཟོག་སྐྱེལ་འདྲེན་ཀུང་སི་བསྡོམས་པས11ཡོད།

པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་གནམ་གྲུ་འཕུར་ཐེངས་དང་གནས་སྐོར་བ་སྐྱེལ་འདྲེན་བྱེད་ཚད་ན་ནིང་གི་དུས་མཉམ་ལས70%དང60%ལ་སླེབས་ཡོད་ཅིང་། མཁའ་འགྲུལ་ཀུང་སི་གཉེར་སྐྱོང་བྱེད་པར་དཀའ་ཁག་དང་འཕྲད། དེ་ལྟ་བུའི་གནས་ཚུལ་འོག བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་བོད་ལྗོམས་ནོར་སྲིད་དང་མཉམ་དུ2019ལོའི་མཁའ་ལམ་གཟེངས་བསྟོད་ཞིབ་བཤེར་བྱ་བ་ལེགས་འགྲུབ་བྱས་ཏེ། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཐེབས་རྩའི་མ་དངུལ་སྒོར་ཁྲི19918.1རྩིས་སྤྲོད་བྱས་ནས། མཁའ་འགྲུལ་ཀུང་སིས་དཀའ་ཁག་སེལ་བར་རོགས་སྐྱོར་བྱས།

ད་ལོའི་ཟླ8པར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་གནམ་གྲུ་འཕུར་ཐེངས་དང་གནས་སྐོར་བ་སྐྱེལ་འདྲེན་བྱེད་ཚད། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་སོ་སོ་ནས་ཐེངས5450དང་། མི་ཐེངས་ཁྲི61.5། ཏུན5261.5བཅས་ལ་སླེབས་ཏེ། ན་ནིང་གི་དུས་མཉམ་ལས་འཕར་སྣོན་བྱུང་བ་མངོན་འགྱུར་བྱས། དེའི་ཁྲོད། ཉིན་གྲངས་སྐོར་ཞིག་གི་གནམ་གྲུ་འཕུར་ཐེངས་དང་གནས་སྐོར་བ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་སྐྲུན་ཡོད།

བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། གནམ་གྲུ་འཕུར་ཐེངས་ཇེ་མང་དུ་གྱུར་བ་ནི་བོད་ལྗོངས་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པར་རག་ལས་ཡོད་པ་མ་ཟད། མཁའ་འགྲུལ་ཅུའུ་ཡིས་བོད་ལྗོངས་ཀྱི་ལས་ཁུངས་གཞན་དག་དང་མཉམ་ལས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་པ་དང་ཁོར་ཡུག་བདེ་འཇགས་ཁག་ཐེག་བྱེད་པ་དང་འབྲེལ་བ་ཟབ་མོ་ཡོད་ཟེར།

གླེང་རིན་ཡོད་པ་ཞིག་ནི་མཁའ་འགྲུལ་ཀུང་ཟི་སྐོར་ཞིག་གིས་ད་ལོར་ལམ་ཐིག་གསར་བ18ཤར་གཏོང་བྱས་ཏེ། མཁའ་ལམ་སྐོར་ཞིག་གི་གནམ་གྲུ་འཕུར་ཐེངས་ཇེ་མང་དུ་བཏང་། གཞི་གྲངས་ལྟར་ན། ཟླ7པ་ནས་ཟླ8པའི་བར། ཀྲུང་གོའི་ནང་ལོག་ས་ཁུལ་ནས་བོད་ལྗོངས་སུ་ཡོང་བའི་གནས་སྐོར་བའི་མི་གྲངས་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད།

འགན་འཁུར་མི་སྣས་བཤད་རྒྱུར། བྱེད་ཐབས་འདི་དག་ལས་བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་ལ་ཕན་ཐོགས་ཐུབ་པ་མ་ཟད། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སླར་གསོ་བྱེད་པར་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱེད་ཐུབ་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།