བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་བྱ་བར་ཕན་འབྲས་མངོན་གསལ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས“བདག་པོ་ཡག་པོ་བྱེད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་པའི”བརྗོད་དོན་གཙོ་བོའི་ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་གྱི་ཉམས་མྱོང་སྤེལ་རེས་དང་ཡུལ་དངོས་ཀྱི་སྐུལ་འདེད་གཏོང་བའི་ཚོགས་འདུ་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱི་ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་ལས་དོན་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གྱུར་ཡོད།

བོད་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའི་ཧྲུའུ་ཅིའམ་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝང་ཁྲུན་ཏིང་གིས་བཤད་རྒྱུར། 2019ལོར། བོད་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྒྱ་ཆེའི་ལས་བཟོ་བ་འགྲན་བསྡུར་ཁྲོད་ཞུགས་པར་སྐུལ་སློང་ཧུར་ཐག་བྱས་ནས། ལས་བཟོ་བའི་གསར་གཏོད་ཀྱི་སྤྲོ་སེམས་རྒྱུན་མི་ཆད་པར་འཕེལ་བ་དང་། ལས་བཟོ་བའི་ནུས་རྩལ་དང་བྱང་ཚད་ཇེ་མཐོར་བཏང་། བསྡོམས་རྩིས་བྱས་པ་ལྟར་ན། ལྗོངས་ཡོངས་སུ་ཁེ་ལས་དང་ལས་དོན་ལས་ཁུངས390ཡོད་པ་དང་། ལས་བཟོ་བ་ཁྲི5འགྲན་བསྡུར་བྱ་འགུལ་ཁྲོད་ཞུགས་ཡོད། ལུགས་མཐུན་གྲོས་འགོ་1135བཏོན་པ་དང་། གསར་བཅོས་རྣམ་གྲངས111ལག་བསྟར་བྱས། ལས་བཟོ་བའི་གསར་གཏོད་རྣམ་གྲངས47གསར་གཏོད་བྱས། རང་སྐྱོང་ལྗོངས་རིམ་པའི་ངལ་རྩོལ་དཔེ་བཟང་གསར་གཏོད་ལས་སྐྲུན་ལས་དོན་ཁང2གསར་སྐྲུན་བྱས་པ་དང་། རྩལ་ནུས་འགྲན་བསྡུར་བརྒྱུད་མི1560ལྷག་གི་ལག་རྩལ་རིམ་སྤར་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།