2020ལོའི་ཚན་རྩལ་བྱ་འགུལ་གཟའ་འཁོར་དང་ཚན་རྩལ་གཞི་རིམ་དུ་བསྐྱོད་པའི་གཅིག་བསྡུས་ཞབས་ཞུ་བྱ་འགུལ་སྤེལ་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་ལྗོངས་ཚན་རྩལ་ཐིན་དང་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུའུ། ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ལྗོངས་ཚན་རིག་མཐུན་ཚོགས་བཅས་ཀྱིས་མཉམ་དུ་སྤེལ་བའི2020ལོའི་ཚན་རྩལ་བྱ་འགུལ་གཟའ་འཁོར་དང་ཚན་རྩལ་གཞི་རིམ་དུ་བསྐྱོད་པའི་གཅིག་བསྡུས་ཞབས་ཞུ་བྱ་འགུལ་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་དུ་སྤེལ་འགོ་བརྩམས།

ད་ལོའི་འགོ་ཚུགས་མཛད་སྒོ་དང་ཞབས་ཞུ་བྱ་འགུལ་གྱིས“ཚན་རྩལ་གསར་གཏོད་ལ་བརྟེན་ནས་རིམས་ནད་སྔོན་འགོག་བྱེད་པ”ཅེས་པ་བརྗོད་བྱ་བྱས་ཏེ། བོད་ལྗོངས་ཀྱི“ཚན་རྩལ་བྱ་འགུལ་གཟའ་འཁོར”སྤེལ་ནས་ལོ20འཁོར་བའི་བྱ་འགུལ་གྱི་བརྒྱུད་རིམ་ལ་ཕྱི་མིག་ལྟ་བ་དང་། མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་དང་། ནས་དང་། འབྲི་གཡག གཟན་རྩྭ་སོགས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་འགྲེམས་སྟོན་བྱས། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་ཚན་རྩལ་གྱི་ནུས་བ་གལ་ཆེན་དྲིལ་བསྒྲགས་དང་། ཚན་རིག་ཁྱབ་གདལ་གྱི་འགྲེལ་བཤད། ཚོད་ལྟའི་འགྲེམས་སྟོན། ལག་རྩལ་གསོ་སྦྱོང་། སློབ་གྲྭར་ཚན་རིག་ཁྱབ་གདལ་གཏོང་བ། ཚན་རིག་ཁྱབ་གདལ་དགོན་སྡེར་ཁྱབ་གདལ་གཏོང་བ་སོགས་འདུས་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་བྱ་འགུལ་སྐབས་སུ་བསྡོམས་པས་དྲིལ་བསྒྲགས་ཡིག་ཆ6000ལྷག་འགྲེམ་གཏོང་བྱས་ཤིང་། ཚན་རིག་ཁྱབ་གདལ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་བྱ་འགུལ་ཐེངས20ལྷག་སྤེལ་ཏེ། མང་ཚོགས800ལྷག་ལ་རིན་མེད་བརྟག་དཔྱད་དང་ལུས་པོར་ཞིབ་བཤེར་བྱས་པ་མ་ཟད། རིན་ཐང་སྒོར་ཁྲི6ལྷག་གི་རིམས་འགོག་དངོས་རྫས་དང་སྨན་རྫས། ཚན་རིག་ཁྱབ་གདལ་བྱ་འགུལ་ཁང7བཅས་ཞལ་འདེབས་སུ་ཕུལ་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།