བོད་ལྗོངས་དངུལ་ཁང་ལས་རིགས་ཀྱིས་ཁེ་ལས་ཆུང་གྲས་བར་གྱི་ཡིད་རྟོན་དངུལ་བུན་ཞབས་ཞུའི་སྤྱི་ཆིངས་ལ་མིང་རྟགས་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས14ཡིས་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་གི་མཛུབ་ཁྲིད་དང་གྲོས་འགོའི་འོག《བོད་རང་སྐྱོང་ལྗོངས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་དང་ཁེ་ལས་ཆུང་གྲས་བར་གྱི་ཡིད་རྟོན་དངུལ་བུན་ཞབས་ཞུའི་སྤྱི་ཆིངས》(གཤམ་དུ《སྤྱི་ཆིངས》ཞེས་བསྡུ་རྒྱུ)ཐོག་མིང་རྟགས་བཀོད་པ་དང་། ཁེ་ལས་ཆུང་གྲས་ལ་ཡིད་རྟོན་དངུལ་བུན་གྱི་ཞབས་ཞུའི་ཁས་ལེན་བྱས་པ་རེད། དེའི་དམིགས་ཡུལ་ནི་ཀྲུང་དབྱང་གིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུར་སྔར་ལས་ཤུགས་སྣོན་བྱེད་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཡིད་རྟོན་དངུལ་བུན་གྱི་དངུལ་རྩའི་ཞབས་ཞུ་ལེགས་བཅོས་དང་གཏིང་ཟབ་ཏུ་གཏོང་བ་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན། 

རྒྱུས་ལོན་པ་ལྟར་ན།《སྤྱི་ཆིངས》ཀྱི་ནང་དོན་ལ་ཁེ་ལས་ཆུང་གྲས་ལ་ཁེ་ཕན་སྐྲུན་པ་དང་། ཡིད་རྟོན་དངུལ་བུན་གྱི་བརྒྱུད་རིམ་ལེགས་སྒྱུར་བྱེད་པ། དངུལ་བུན་སྒྲུབ་པའི་དུས་ཡུན་ཇེ་ཐུང་དུ་གཏོང་བ་དང་། དངུལ་བུན་རེ་ཞུའི་དཔྱད་ཡིག་ཇེ་ཉུང་དུ་གཏོང་བ། ཞབས་ཞུ་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། རོགས་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ། དངུལ་རྩའི་ཞབས་ཞུ་གསར་གཏོད་བྱེད་པ། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། རེ་ཞུའི་ཐབས་ལམ་སྟབས་བདེ་རུ་གཏོང་བ། ལྡོག་ཕྱོགས་ཀྱི་གསལ་ཐོ་ལག་བསྟར་བྱེད་པ། དཔྱད་ཞིབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་བཟོ་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཕྱོགས་མང་པོ་འདུས། 

《སྤྱི་ཆིངས》ཁྲོད་བོད་ལྗོངས་དངུལ་ཁང་ལས་རིགས་ཀྱི་ལས་ཁུངས་སོ་སོས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། ལྟ་སྐུལ་དོ་དམ་སྡེ་ཚན། ལས་རིགས་སྡེ་ཚན་བཅས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་རྩའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ནས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཞབས་ཞུའི་ལས་ཁུངས་ཀྱི་ཞབས་ཞུའི་ཆུ་ཚད་དང་ཞབས་ཞུའི་ནུས་བ་ཆེ་རུ་གཏོང་དགོས་པ་དང་། ཞབས་ཞུའི་ལས་ཁུངས་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གཉེར་སྐྱོང་མ་རྩ་གཅོག་དགོས་ལ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཞབས་ཞུའི་དགོས་མཁོ་སྐོང་ནས་ཐུན་མོང་སྒོས་འཕེལ་རྒྱས་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་དགོ་པར་གཏན་ཁེལ་བྱས་ཡོད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།