ཉིང་ཁྲི་གྲོང་ཁྱེར་དུག་འགོག་གཞུང་དོན་ཁང་གིས་དུག་རྫས་སྔོན་འགོག་སློབ་གསོའི་སྐོར་སྐྱོད་སྒྲོག་འགྲེལ་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུག་འགོག་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་ངང་རྒྱ་ཁྱབ་ཏུ་སྤེལ་ནས་དམངས་ཡོངས་ཀྱིས་དུག་རྟོགས་དུག་འགོག་གི་འདུ་ཤེས་ནུས་་ཇེ་ཆེར་གཏོང་ཆེད། ད་ལོའི་ཟླ5བ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་དུག་འགོག་གཞུང་དོན་ཁང་གིས་དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བ་གོ་སྐབས་སུ་བྱས་ནས་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་དང་སློབ་གསོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། དུག་རྫས་སྔོན་འགོག་སློབ་གསོའི་སྐོར་སྐྱོད་སྒྲོག་འགྲེལ་བྱ་འགུལ་རྩ་འཛུགས་དང་ལག་བསྟར་ནན་ཏན་བྱས། 

རྒྱུས་ལོན་པ་ལྟར་ན། ཉིང་ཁྲི་གྲོང་ཁྱེར་དུག་འགོག་གཞུང་དོན་ཁང་གིས“དྲིལ་བསྒྲགས་སློབ་གསོ་བཏང་ནས་དམངས་ཡོངས་ཀྱིས་དུག་རྫས་རྒྱུས་ལོན་བྱེད་པ་དང་དམངས་ཡོངས་ཀྱིས་དུག་རྫས་གཏན་འགོག་བྱེད་པར་རྩ་འཛུགས་བྱེད”ཅེས་པར་བརྟེན་ནས། དུག་འགོག་དྲིལ་བསྒྲགས་སྡེ་ཚན་དང་། སྡེ་ཁུལ། གྲོང་གསེབ། སློབ་གྲྭ བྱ་ཡུལ། དམག་སྒར། ཁྱིམ་ཚང་། དྲ་རྒྱ་བཅས་སུ“བསྐྱོད་པ་བརྒྱད”ཀྱི་བྱ་འགུལ་རྒྱུན་མཐུད་ངང་རྩ་འཛུགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་ཁྱབ་ཁོངས་སོ་སོར་ཁྱབ་པའི་དུག་འགོག་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། དུག་འགོག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། དུག་འགོག་གི་གཏམ་རྒྱུད་ཡག་པོ་བཤད་པ་དང་དུག་འགོག་གི་སྙིང་སྟོབས་དར་སྤེལ་གཏོང་བ། དམངས་ཡོངས་ཀྱིས་རང་རྟོགས་ངང་དུག་རྫས་འགོག་པའི་ནུས་བ་ཆེ་རུ་བཏང་ནས་དམངས་ཡོངས་རང་འགུལ་ངང་དུག་འགོག་བྱ་བའི་ཁྲོད་ཞུགས་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་བ་རེད། ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།