ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས1ཉིན། 2020ལོའི་བོད་ལྗོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱ་འགུལ་སྤེལ་འགོ་ཚུགས་པའི་མཛད་སྒོ་ལྷ་སའི་མགྲོན་ཁང་དུ་བསྡུས་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པའམ་བོད་ལྗོངས་དབུལ་ཐར་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་འཇམ་དཔལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གསུང་བཤད་ཀྱང་གནང་བ་རེད།
རྒྱུས་ལོན་པ་ལྟར་ན། ད་ལོའི་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱ་འགུལ་སྐབས་སུ“ཁེ་ལས་ཁྲི་ཞུགས་ཏེ་མི་གྲངས་དུང་ཕྱུར་མཉམ་དུ་བསྐྱོད་”ཅེས་པ་བརྗོད་བྱ་གཙོ་བོ་བྱས་ཡོད་ཅིང་། སྤུས་ལེགས་ཁྱད་ལྡན་དབུལ་སྐྱོར་ཐོན་རྫས་ཕྱིར་འཚོང་ལ་སྐུལ་འདེད་དང་། སྤྱི་ཚོགས་དབུལ་སྐྱོར་གྱི་ཡུན་ཕན་ལམ་སྲོལ་འཛུགས་རྒྱུ་དམིགས་འབེན་དུ་བཟུང་སྟེ། འཛད་སྤྱོད་དབུལ་སྐྱོར་གྱི་ཆེད་སྒམ་དང་། ཆེད་དོན་ཁང་། ཆེད་དོན་ཁུལ། “དབུལ་སྐྱོར832”ཕྱིར་འཚོང་ལས་སྟེགས་སོགས་གཞི་རྟེན་གཙོ་བོ་འདུས་ཡོད། ཕྱོགས་གང་ཅིའི་ཐད་ཀྱི་ཐོན་ཁུངས་ཉོ་སྒྲུབ་དང་བྲིན་འཚོང་ལ་རོགས་རམ་བྱེད་པའི་དབུལ་སྐྱོར་ཐོན་རྫས་གཅིག་གྱུར་འཆར་འགོད་དང་། སྤྱི་ཚོགས་ཡོངས་སུ་འཛད་སྤྱོད་དབུལ་སྐྱོར་ལ་ཞུགས་པ་དང་དབུལ་སྐྱོར་ཐོན་རྫས་ཉོ་སྒྲུབ་བྱེད་པའི་རྣམ་པ་བཟང་བོ་བསྐྲུན་ཡོད། བྱ་འགུལ་སྤེལ་བའི་དུས་ཚོད་ནི་ཟླ9བའི་ཚེས1ཉིན་ནས་ཟླ9བའི་ཚེས30ཉིན་བར་ཡིན།
གྲོས་ཚོགས་ལས་རིམ་པ་སོ་སོ་དང་སྡེ་ཚན་སོ་སོས་འཛད་སྤྱོད་དབུལ་སྐྱོར་བྱ་རྒྱུ་དེ་དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་དང་། སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ། མང་ཚོགས་དབུལ་བོར་ཞབས་འདེགས་ཞུ་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས་སྤྱི་ཚོགས་ཞུགས་པའི་ལས་སྟེགས་ཧུར་ཐག་གིས་བསྐྲུན་རྒྱུ་དང་། ཐོན་རྫས་བྲིན་ཚོང་བྱེད་སྟངས་གསར་གཏོད་བྱས་ནས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་མངོན་གསལ་ཡོང་བར་བྱེད་པ། གང་མཁོ་དང་གང་ནུས་ཅི་ལྕོགས་ཀྱིས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་ཁུངས་ཀྱི་ཟ་ཁང་དང་། སློབ་གྲྭ བཟོ་ཚོགས། ཁེ་ལས། ཚོང་ཚོགས། དམག་དཔུང་སོགས་རྩ་འཛུགས་བྱས་ནས་དབུལ་སྐྱོར་ཐོན་རྫས་སྔོན་ལ་ཉོ་སྒྲུབ་བྱས་ཏེ་ས་ཁུལ་དབུལ་བོའི་ཁྱད་ཆོས་དང་ལྗང་མདོག་དབུལ་སྐྱོར་ཐོན་རྫས་སྔར་ལས་མང་བ་ཁྲོམ་རར་འདོན་སྤྲོད་བྱེད་པར་སྐུལ་ཁྲིད་བྱེད་དགོས་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ལས་ཀའི་སྟོབས་ཤུགས་ཆ་ཚང་བཀོད་སྒྲིག་བཅས་བྱས་པ་བརྒྱུད། ཆེད་མིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱས་ཏེ་འགན་འཁྲི་སྡེ་ཁག་དང་མི་སྒེར་ལ་ཞིབ་ཕྲ་བཟོ་དགོས། དབུལ་སྐྱོར་གསར་སྤེལ་གྱི་གཞི་གྲངས་ཆེན་པོ་སོགས་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས། དབུལ་སྐྱོར་ཐོན་རྫས་བྲིན་འཚོང་བྱས་ཚུལ་ཁོང་དུ་ཆུད་པ། དབུལ་སྐྱོར་ཐོན་རྫས་བྲིན་འཚོང་བྱས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
2020ལོའི་བོད་ལྗོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱ་འགུལ་སྤེལ་འགོ་ཚུགས་པའི་མཛད་སྒོ་བསྡུས།