གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་གྱི་འཁོར་སྐྱོད་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གཞིས་ཀ་རྩེ་གྲོང་ཁྱེར་རིག་གནས་ཅུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་རིག་རྩལ་འཁྲབ་སྟོན་རུ་ཁག100%རྩ་འཛུགས་བྱེད་པའི་རྨང་གཞིའི་སྟེང་། སྔར་ལས་ལྷག་པར་ཆ་སྒྲིག་རོགས་སྐྱོར་དང་། རྒྱ་ཁྱབ་དྲིལ་བསྒྲགས། ལམ་སྲོལ་འཛུགས་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་གྱི་འཁོར་སྐྱོད་ལ་སྐུལ་འདེད་བཏང་སྟེ། གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།

ཆ་སྒྲིག་རོགས་སྐྱོར་དང་གསོ་སྦྱོང་མཛུབ་ཁྲིད་བྱེད་པ། གཞིས་ཀ་རྩེ་གྲོང་ཁྱེར་རིག་གནས་ཅུའུ་ཡིས་རིག་གནས་ཁོངས་གཏོགས་ཀྱི“ཇོ་རིའི་འཇོན་མི”དང་། གཞིས་རྩེ་གྲོང་ཁྱེར་གྱིས་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་པའི་ཤེས་ལྡན་མི་སྣ། རིག་རྩལ་རྐང་འཛིན་མི་སྣ་སོགས་མི18རྩ་འཛུགས་བྱས་ནས་རྫོང9རུ་རོགས་སྐྱོར་བྱ་འགུལ་སྤེལ་བ་རེད། རྫོང(ཆུས)སོ་སོའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་རྐང་འཛིན་པས“1+1རོགས་སྐྱོར”(རྐང་འཛིན་མི་སྣ་གཅིག་གིས་དུས་ཡུན་རིང་པོར་གྲོང་ཚོ་གཅིག་ལ་ཆ་སྒྲིག་རོགས་སྐྱོར་བྱེད་པ)བྱེད་སྟངས་ལག་བསྟར་བྱས་ཏེ། སྲིད་འཛིན་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་ཆེད་ལས་ཆུ་ཚད་ཇེ་མཐོར་བཏང་། གཞི་རིམ་གྱི་དྲིལ་བསྒྲགས་རིག་གནས་གཡུལ་ས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཉེ་འགྲམ་གྱི“རིག་རྩལ་འཁྲབ་སྟོན་རུ་ཁག”གསོ་སྐྱོང་བྱས།  

དྲིལ་བསྒྲགས་ལ་ཤུགས་བསྣན་ཏེ་ཁོར་ཡུག་ཡག་པོ་བསྐྲུན་པ། གཞིས་རྩེ་གྲོང་ཁྱེར་གྱིས་སྲིད་འཛིན་གྲོང་ཚོ་བཙུགས་ནས་རིག་རྩལ་འཁྲབ་སྟོན་རུ་ཁག་གི་དྲིལ་བསྒྲགས་འཕྲིན་སྤེལ་ལས་དོན་ལ་མཐོང་ཆེན་བྱས་ཤིང་། རིགས་སོ་སོའི་སྨྱན་སྦྱོར་ལས་སྟེགས་དང་དྲིལ་བསྒྲགས་གཞི་རྟེན་བེད་སྤྱོད་གང་ལེགས་བྱས་པས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་པར་དོ་ཁུར་བྱེད་ཚད་དང་། ཤེས་རྟོགས་བྱེད་ཚད། ཞུགས་ཚད་བཅས་ལ་མཐོར་འདེགས་ཆེན་པོ་བྱུང་།  

སྒྲིག་ལམ་བཙུགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱེད་པ། སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་གཞི་རིམ་གྱི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཕན་ནུས་འདོན་སྤེལ་གང་ལེགས་བྱ་ཆེད། གཞིས་ཀ་རྩེ་གྲོང་ཁྱེར་གྱིས《སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་གནས་སྐབས་ཀྱི་དོ་དམ་བྱ་ཐབས》གཏན་འབེབས་བྱས་ནས།སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་ཁོངས་སྒྲིལ་དོ་དམ་དང་། འགན་འཁྲི་ལས་འགན། རུ་ཁག་འཛུགས་སྐྲུན། དོ་དམ་ཞིབ་བཤེར། སྒྲིག་ཆས་གྲོན་དངུལ་སོགས་ཕྱོགས་སོ་སོའི་གོ་རིམ་སོ་སོ་གཞི་འཛིན་ས་དང་སྒྲིག་ལམ་ཡོད་པར་འགན་སྲུང་ནུས་ལྡན་བྱས་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།