རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བར་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་བཅས་པས།  སྔ་གཞུག་ཏུ་ཆབ་མདོ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་དུ་དབུལ་ཐར་འགག་སྒྲོལ་བྱ་བར་རྟོག་ཞིབ་གནང་བ་མ་ཟད།  བོད་ལྗོངས་དབུལ་ཐར་འགག་སྒྲོལ་བཀོད་འདོམས་པུའི་གཞུང་ལས་ཁང་གི་འགན་འཁུར་བ་དང་བཞུགས་མོལ་གནང་ནས།  འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གསན་པ་དང་བསྟུན་རྟོག་ཞིབ་དགོངས་འཆར་ལ་ལན་བཏབ་པ་རེད། 

བཞུགས་མོལ་ཚོགས་འདུའི་ཐོག དེང་སྐབས་ལྗོངས་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལས་དོན་ཕྱོགས་ཡོངས་ནས་སྲ་བརྟན་མཐོར་གཏོང་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པས་ལས་འགན་སྔར་བཞིན་ལྕི་མོ་ཡིན།  གོམ་སྟབས་རྗེས་མར་ཐོན་ལས་དབུལ་སྐྱོར་ཐད་གཏོང་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་སྟེ།  གནས་སྤོས་མང་ཚོགས་རྣམས་གཞི་ཆགས་ཐུབ་པ་དང་ཕྱུག་འགྱུར་ཐུབ་པ་བྱེད་དགོས་པ་དང་།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ།  སྤྱི་བའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཐོག་བལྟོས་བཅད་དབུལ་ཕོངས་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ངང་བཙུགས་ཏེ།  དབུལ་གྲོལ་འགག་སྒྲོལ་གྱི་སྤུས་ཚད་དང་གྲུབ་འབྲས་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།