ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ10པར་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཡིན་པའི་ལྷ་སའི་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་ཉམས་བཟོ་དང་། དེ་བཞིན་སྐྱེ་ཁམས་བཅོས་སྐྱོང་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཤིང་རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར9.8བཏང་བ་རེད། དེང་སྐབས་ལྷ་སའི་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་ཉམས་བཟོ་དང་དེ་བཞིན་སྐྱེ་ཁམས་བཅོས་སྐྱོང་རྣམ་གྲངས་ཚང་མ་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། རྣམ་གྲངས་ཀྱི་སྤྱིའི་འཕེལ་རིམ་བརྒྱ་ཆ60ཙམ་ཟིན་ནས2020ལོའི་ལོ་མཇུག་ཏུ་མ་ཡུར་འབྲིང་བ་དང་དེ་བཞིན་ཆུ་རྒྱུད་ཀྱི་སྔོ་འགྱུར་ལས་གྲྭ་གཞན་དག་ཕུད་པའི་འཛུགས་སྐྲུན་ལས་འགན་གཞན་དག་ཚང་མ་ལེགས་འགྲུབ་འབྱུང་རྩིས་ཡོད།།
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ལྷ་སའི་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་ཉམས་བཟོ་དང་སྐྱེ་ཁམས་བཅོས་སྐྱོང་ལས་དོན་བདེ་བླག་ངང་སྤེལ་བཞིན་ཡོད།