ཆབ་མདོ་གྲོང་ཁྱེར་གྱིས་དབུལ་བོ་དབུལ་ནག་ཕལ་ཆེར་མེད་པར་བཟོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་བསྡུས་པའི་བོད་ལྗོངས་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། ཆབ་མདོ་གྲོང་ཁྱེར་བཅིངས་འགྲོལ་བྱས་པའི་ལོ70ཡི་རིང་ལ། ལས་དོན་སོ་སོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལྷག་པར་ཏུ་ད་ལོའི་རིང་ལ་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ།

ངོ་སྤྲོད་བྱས་པ་ལྟར་ན། 2020ལོར། ཆབ་མད་གྲོང་ཁྱེར་གྱིས་བསྡོམས་པས་ཁྱིམ་ཚང་དབུལ་བོ་ཡི་མང་ཚོགས་ཁྲི19.46ཇེ་ཉུང་དུ་བཏང་བ་དང་། དབུལ་ཕོངས་གྲོང་ཚོ1127ཕྱིར་འཐེན་བྱས། 2019ལོའི་ལོ་མཇུག་བར་དུ་རྫོང11གི་དབུལ་བོ་དབུལ་ནག་ཕལ་ཆེར་མེད་པར་བཟོས་པའི་རྨང་གཞིའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་དགོངས་དོན་གལ་ཆེན་དོན་འཁྱོལ་དངོས་འབེབས་གང་ལེགས་བྱས་ཏེ། གཙོ་གནད་མི་འགྱུར་བ་དང་། ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཆབ་མདོ་གྲོང་ཁྱེར་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ།

དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་བཏང་བར་ཕན་འབྲས་ལྡན་པ།  “མེད་པ་བཞི”ཡི་བྱ་བའི་བླང་བྱ་ལྟར། 《ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ཆད་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་སྐོར་གྱི་ལག་བསྟར་ཇུས་གཞི》ཞིབ་འཇུག་གཏན་འབེབས་བྱས་ཤིང་། “དགུ་བདུན་བདུན”གྱི་བྱ་བའི་བསམ་ཕྱོགས་བཏོན་ཏེ། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་། 

 དབུལ་ཐར་སྤུས་ཚད་བརྟན་རླིང་ངང་མཐོར་འདེགས་བྱུང་བ། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ལ་དམིགས་ནས་དངུལ་གཏོང་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་འགན་སྲུང་ཆུ་ཚད་མཐོར་འདེགས་བྱས། 2020ལོར་མ་དངུལ་སྒོར་དུང་ཕྱུར38.32བཏང་ནས་ཐོན་ལས་དབུལ་སྐྱོར་དང་། གྲོང་གསེབ་ཀྱི་གཞུང་ལམ། འཐུང་ཆུའི་བདེ་འཇགས་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱོད་རྒྱུ་ཡིན་པ་རེད། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་དུ་ལེགས་བཅོས་བྱས་ཏེ། དབུལ་ཐར་སྤུས་ཚད་ཇེ་མཐོར་བཏང་། མིག་སྔར་ཆབ་མདོ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལ་ཕྱོགས་ཡོངས་ནས་འགན་སྲུང་བྱས། རང་འབབ་ཆུ་ཁྱབ་ཚད93%ཟིན་པ་དང་། གྲོང་གསེབ་ཏུ་གཅིག་བསྡུས་ཀྱིས་ཆུ་མཁོ་འདོན་བྱེད་ཚད99.5%ཟིན། ཆུ་མཁོ་འདོན་འགན་སྲུང་བྱེད་ཚད95%ཟིན་ཡོད། ཉེན་ཡོད་སྡོད་ཁང་བསྒྱུར་བཀོད་བྱེད་པའི་ཆ་རྐྱེན་དང་མཐུན་པའི་སྡོད་ཁང་ཁྲི1.14བསྒྱུར་བཀོད་བྱས་ནས། ཚད་ལྡན་ཅན་གྱི་ཤང་གྲོང་འཕྲོད་བསྟེན་ཁང98བསྐྲུན། སྲིད་འཛིན་གྲོང་ཚོ1119ཚང་མ“གྲོང་ཚོ་རེར་སྨན་ཁང་རེ་ཡོད་པའི”བླང་བྱ་གཞིར་བཟུང་ནས་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ཡོད་པས། མང་ཚོགས་ཀྱིས་སྨན་བཅོས་ཞབས་ཞུའི་འགན་སྲུང་སྔར་ལས་ལེགས་པ་ལོངས་སུ་སྤྱོད་ཐུབ་པ་བྱུང་། 

མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་འཕར་སྣོན་བྱུང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་ལས་འཕེལ་རྒྱས་ཀྱི“ཕྱོགས་གཉིས་ཀ་དམ་འཛིན་དང་གཉིས་ཀ་འཐུས་ཤོར་མི་འགྲོ་བ”རྒྱུན་འཁྱོངས་བྱས། ཐོན་ལས་རྣམ་གྲངས་ལས་ཐོན་བསྐྱར་ཚུགས་བྱེད་པར་དམ་འཛིན་ནན་ཏན་བྱས། རིམ་རྩིས་བྱས་པ་ལྟར་ན་ཐོན་ལས་དབུལ་སྐྱོར་རྣམ་གྲངས789ལག་བསྟར་བྱས་ནས་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ་ཁྲི10ལྷག་གི་ཡོང་སྒོ་འཕར་སྣོན་བྱུང་བར་སྐུལ་ཁྲིད་བྱས།《དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་རྒྱུ་ནོར་དོ་དམ་ལས་དོན་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་གྱི་བསམ་འཆར(ཚོད་ལྟའི་ལག་བསྟར)》དང《ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་ཚད་ལྡན་དུ་གཏོང་བ་སྐོར་གྱི་ཆབ་མདོ་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)》བཏོན། ཁེ་ཕན་མཉམ་འབྲེལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། རིམ་རྩིས་བྱས་པ་ལྟར་ན་ཁེ་སྤོགས་སྒོར་ཁྲི6639.74ཟིན་ཡོད། དུས་མཚུངས་སུ་འཛད་སྤྱོད་དབུལ་སྐྱོར་གྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་ནས། ཆབ་མདོ་རོགས་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་དང་འཛད་སྤྱོད་དབུལ་སྐྱོར་གྱི་མཉམ་ལས་ལམ་སྲོལ་ཧུར་ཐག་གིས་བཙུགས་ནས། ཐེན་ཅིན་གྲོང་ཁྱེར་གྱིས་སྤྲིན་རྩིས་འཛད་སྤྱོད་དབུལ་སྐྱོར་བརྒྱུད་ཆབ་མདོ་གྲོང་ཁྱེར་དང་སྒོར་ཁྲི3850ཡི་ཉོ་སྒྲུབ་གྲོས་མཐུན་བཞག་པ་རེད།

རྨང་གཞི་སྒྲིག་ཆས་ལ་ལེགས་བཅོས་ཆེན་པོ་བྱུང་བ། ནུས་ཤུགས་ཡོད་རྒུས་མཐོར་འདེགས་བཅུའི་ལས་གཞི་ལག་བསྟར་བྱས་ཏེ། གྲོང་ཚོའི་གློག་དྲ385གསར་སྐྲུན་བྱས་ཏེ། མང་ཚོགས་ཁྲི51.8ཡི་གློག་སྤྱོད་གནད་དོན་ཐག་གཅོད་བྱས། གཞུང་ལམ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཆབ་མདོ་གྲོང་ཁྱེར་གྱི་ཤང་གྲོང129ཁྲོད་ཤང་གྲོང120ལ་གཞུང་ལམ་བཏང་བ་དང་། ཤར་གཏོང་བྱེད་ཚད93%ལ་སླེབས། སྲིད་འཛིན་གྲོང་ཚོ1083ཁྲོད་གྲོང་ཚོ680ལ་གཞུང་ལམ་བཏང་ནས་ཤར་རྒྱུག་བྱེད་ཚད62.8%ལ་སླེབས་པ་དང་། ཤར་གཏོང་བྱེད་ཚད100%ལ་སླེབས།

མང་ཚོགས་ཀྱི་བསམ་བློ་རྩ་བ་ནས་འགྱུར་ལྡོག་བྱུང་བ། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། དཀའ་སྤྱད་འབད་བརྩོན། རང་སྟོབས་རང་སྤེལ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པ་བརྒྱུད། 2020ལོར་ཐེངས་གཉིས་པའི“བློ་རིག་གཉིས་སྐྱོར”གྱི་ལས་དོན་སྤེལ་འགོ་ཚུགས་ནས“ཁྱབ་པ་ལྔའི”བཟོ་འགོད་ལག་བསྟར་བྱས། དེ་མིན་དབུལ་ཐར་འགག་སྒྲོལ་ཁྲོད་ཀྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་རྒྱ་ཆེན་པོ་བྱེད་པ་དང་། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལེགས་བསྒྱུར་བྱས་ཏེ། དབུལ་ཕོངས་མང་ཚོགས་ལ་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་རོལ་བར་སློབ་གསོ་ཁྲིད་སྟོན་བཅས་བྱས་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།