བོད་ལྗོངས་ཀྱིས་བྱེད་ཐབས་མང་པོ་སྤྱད་དེ་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་བྱ་བར་སྐུལ་འདེད་བཏང་།

1598575215562330.jpg

འདི་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ལྷུན་རྩེ་གྲོང་རྡལ་གྱི་མང་ཚོགས་ཀྱིས་འཛུགས་སྐྲུན་ཡུལ་དངོས་ནས་ཞོར་ལས་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་གྱིས་ལྗོངས་ཕྱི་རོལ་གྱི་ལས་ཞུགས་སྤོ་སྒྱུར་སྟེགས་བུ་སྐྲུན་པར་བརྟེན་ནས། རོང་འབྲོག་མང་ཚོགས30ལྷག་གཅིག་གྱུར་རྩ་འཛུགས་བྱས་ཏེ་ལྷ་སའི་འདམ་གཞུང་ནས་འགོ་བརྩམས་ཏེ། མཚོ་སྔོན་ན་གོར་མོའི་མཚོ་བོད་བཟོ་ལས་གླིང་ཁུལ་དུ་ལས་ཞུགས་ཞོར་ལས་བྱེད་པར་བཀོད་སྒྲིག་བྱས། མིག་སྔའི་བར་དུ། ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཕྱི་ནས་མི935ལས་ཞུགས་སྤོ་སྒྱུར་བྱེད་པ་མངོན་འགྱུར་བྱས། བསྡོམས་རྩིས་བྱས་པ་ལྟར་ན། ཟླ8པའི་ཟླ་སྟོད་དུ། ལྷ་ས་གྲོང་ཁྱེར་གྱིས་རོང་འབྲོག་པ་མི་ཁྲི7.9ལས་ཞུགས་སྤོ་སྒྱུར་བྱེད་པ་མངོན་འགྱུར་བྱས་ཏེ། དུས་མཉམ་ལས30.5%འཕར་ཡོད། ཡོང་སྒོ་སྒོར་དུང་ཕྱུར7.26མངོན་འགྱུར་བྱས་ཏེ་དུས་མཉམ་ལས68.1%འཕར་ཡོད།

ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུ་ལས་བསྟན་དོན། ལས་ཞུགས་ནི་ཆེས་ཆེ་བའི་དམངས་འཚོ་ཡིན། 2020ལོའི་བོད་ལྗོངས་ཀྱི་སྲིད་གཞུང་བྱ་བའི་སྙན་ཞུ་ལྟར་ན། 2019ལོར་བོད་ལྗོངས་ཀྱིས་རོང་འབྲོག་པ་མི་ཁྲི57.1ལ་ལས་ཞུགས་སྤོ་སྒྱུར་བྱེད་པ་མངོན་འགྱུར་བྱས་ཤིང་། ངལ་ནུས་ཡོང་སྒོ་སྒོར་དུང་ཕྱུར34.8ལ་སླེབས། 2020ལོར་བོད་ལྗོངས་ཀྱིས་རོང་འབྲོག་མང་ཚོགས་ཁྲི10ལྷག་གསོ་སྦྱོང་བྱས་པ་བརྒྱུད། མི་ཁྲི60ལས་ཞུགས་སྤོ་སྒྱུར་བྱ་རྒྱུ་དང་། མི་རེའི་ཆ་སྙོམས་ཀྱི་ངལ་ནུས་ཡོང་སྒོ20%ཡན་འཕར་བར་བརྩོན་ལེན་བྱ་རྒྱུ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།