བོད་ལྗོངས་ཀྱི་འགོ་ཁྲིད་ཀྱིས་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་རྒྱས་སྐྲུན་བསྒྱུར་བཀོད་ལས་གཞིའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས26ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚུལ་ཁྲིམས་གྱིས་ཚན་ཆུང་གི་འགོ་ཁྲིད་དེ་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་རྒྱས་སྐྲུན་བསྒྱུར་བཀོད་ལས་གཞིའི་སྐུལ་འདེད་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་གི་ལས་གཞི་འཛུགས་སྐྲུན་དང་འགྲེམ་ཁང་གི་འགྲེམ་སྟོན། རིམས་འགོག་ཚོད་འཛིན་སོགས་ཀྱི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ཏེ་དུས་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་རྒྱས་སྐྲུན་བསྒྱུར་བཀོད་ལས་གཞི་ནི་རང་སྐྱོང་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་གི་རིག་གནས་སྟོབས་ཆེན་ཁུལ་དང་རིག་གནས་དམངས་ཕན་ལས་གཞི་གལ་ཆེན་ཞིག་ཡིན། ལས་གཞི་ལག་བསྟར་བྱས་པ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་རིག་གནས་དངོས་མང་སྟོན་ཚོགས་ཀྱི་བྱ་གཞག་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་མཚོན་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་རྣམ་གྲངས་ཀྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཇུས་འགོད་ཇུས་གཞི་གཞིར་བཟུང་སྟེ། ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བ་ལེགས་པར་བསྒྲུབ་ཏེ། ལས་གཞི་བདེ་འཇགས་དང་ལས་གཞིའི་སྤུས་ཚད་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་གཞི་མགྱོགས་མྱུར་ངང་སྤེལ་བར་བརྩོན་ལེན་བྱས་ཏེ། སང་ལོར་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་སྒོ་མོ་དུས་ལྟར་ཕྱེས་བར་རྨང་གཞི་གཏོང་དགོས།

རྟོག་ཞིབ་ཚོགས་ཆུང་གིས་བོད་ལྗོངས་རིག་དངོས་ཅུའུ་ཡིས་འགྲེམ་ཁང་གསར་བའི་འགྲེམས་སྟོན་ལས་དོན་ལ་སྣེ་ཁྲིད་ནས་དམ་འཛིན་ཡག་པོ་བྱས་ཏེ་སྔོན་ཐོན་གྱི་འདུ་ཤེས་དང་ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་དེ་བོད་ཀྱི་ལོ་རྒྱུས་དང་། རིག་གནས། དམངས་སྲོལ་བཅས་མངོན་པར་བྱེད་དགོས་ལ། འབྲེལ་ཡོད་སྡེ་ཚན་སོ་སོ་ཡིས་རྣམ་གྲངས་དོ་དམ་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། དམིགས་འབེན་ལ་དམ་པོར་དམིགས་ཏེ་འཛུགས་སྐྲུན་དམ་འཛིན་དང་།གོ་རིམ་དང་སྒྲུབ་ཚད་དམ་འཛིན། ལས་གཞི་དེ་སྤུས་ལེགས་ལས་གཞི་དང་བློ་བདེའི་ལས་གཞི་རུ་འཛུགས་སྐྲུན་བྱས་ཏེ། བོད་ལྗོངས་དངོས་མང་བཤམས་མཛོད་ཁང་དེ་རྒྱལ་ནང་གི་རྩེ་གྲ་དང་རྒྱལ་སྤྱིར་ཤུགས་རྐྱེན་ལྡན་པའི་ཁྱད་ལྡན་དངོས་མང་བཤམས་མཛོད་ཁང་དུ་བསྐྲུན་རྒྱུ་ཡིན་པར་བསྟན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།