ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས26ཉིན་གསར་འགོད་ལྷ་ས་གྲོང་ཁྱེར་གྱི་གནས་སྐོར་འཕེལ་རྒྱས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ1པོ་ནས་ཟླ6པའི་བར། ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི390.34སྣེ་ལེན་བྱས་ཤིང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར56.73མངོན་འགྱུར་བྱས།
ཟླ1པོ་ནས་ཟླ6པའི་བར་ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི390.34སྣེ་ལེན་བྱས་ཤིང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར56.73མངོན་འགྱུར་བྱས། གཞི་གྲངས་ལྟར་ན། ད་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས་ཉིན་རེར་གནས་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི218.07ལྷག་ཡིན་པ་དང་། ཡོང་སྒོ་སྒོར་དུང་ཕྱུར7.31ལ་སླེབས། ཟླ6པར་ཉིན་གཅིག་ཅན་གྱི་གནས་སྐོར་བ་མི་ཐེངས་ཁྲི108ལ་སླེབས་ཏེ་ཉིན་གཅིག་ཅན་གྱི་གནས་སྐོར་ཚོང་རའི་མི་ཇེ་མང་དུ་གྱུར་ནས་སླར་གསོ་མགྱོགས་མྱུང་བྱུང་། དེ་དང་ཆབས་ཅིག གླིང་གའི་དཔལ་འབྱོར་རྒྱུན་མཐུད་ངང་གོང་འཕེལ་བྱུང་སྟེ། ཟླ6པར། ལྷ་ས་གྲོང་ཁུལ་མཐའ་སྐོར་གྱི་གླིང་ག་རུ་གནས་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི37ལ་སླེབས་ཡོད། དེ་མིན་ད་ལོའི་ལོ་སྟོད་དུ་གྲོང་ཚོའི་གནས་སྐོར་སྔར་ལས་འཕེལ་རྒྱས་བྱུང་སྟེ། ལྷ་ས་གྲོང་ཁྱེར་གྱིས་བསྡོམས་པས་གྲོང་ཚོ་གནས་སྐོར་གྱི་གནས་སྐོར་བ་མི་ཐེངས་ཁྲི128.05སྣེ་ལེན་བྱས་ཏེ། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར1.75མངོན་འགྱུར་བྱས།
ལྷ་ས་གྲོང་ཁྱེར་གནས་སྐོར་འཕེལ་རྒྱས་ཅུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་གྱིས་ཕྱི་ཕྱོགས་ལ་གནས་སྐོར་ཐོན་ཁུངས་དྲིལ་བསྒྲགས་བྱས་ཏེ། ཕྱོགས་ཡོངས་ནས་དྲིལ་བསྒྲགས་འོས་སྦྱོར་དང་། ཐོན་རྫས་གསར་སྤེལ། ལམ་ཐིག་གསར་གཏོད། བྱ་འགུལ་ཇུས་འགོད། སྤུས་ཚད་མཐོར་འདེགས་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ཏེ། ནུས་ཤུགས་ཡོད་རྒུས་ལྷ་སའི་གནས་སྐོར་ཚོང་ར་སླར་གསོ་བྱུང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ད་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས་གནས་སྐོར་བ་མི་ཐེངས་ཁྲི390.34སྣེ་ལེན་བྱས།