ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས26ཉིན་གྱི་སྔ་དྲོ། བོད་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བོད་ལྗོངས་ཀྱིས“ཞིང་སྡེའི་གཞུང་ལམ་བཞི་ལེགས་ཅན”འཛུགས་སྐྲུན་གྲུབ་འབྲབ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཟླ8པའི་ཚེས25ཉིན་བར་དུ། ལྗོངས་ཡོངས་ཀྱི་རྫོང(ཆུས)74དང་ཤང་གྲོང476། སྲིད་འཛིན་གྲོང་ཚོ2050ཡོངས་རྫོགས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས་ཤིང་། ཟླ་གཅིག་གི་སྔོན་ལ་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་བཀོད་སྒྲིག་བྱས་པའི་ད་ལོའི་ཟླ9བའི་ཟླ་མཇུག་སྔོན་དུ་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྲིད་འཛིན་གྲོང་ཚོ་ལ་འགྲེལ་སྐྱེལ་རླངས་འཁོར་ཤར་གཏོང་བྱེད་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས་པ་དང་། དེ་ནི་བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་དང་ལྷག་པར་ཏུ“ཞིང་སྡེའི་གཞུང་ལམ་བཞི་ལེགས་ཅན”གྱི་འཛུགས་སྐྲུན་ལ་ཡང་གྲུབ་འབྲས་ཆེན་པོ་ཞིག་བླངས་བ་ཡིན།
བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ཏང་ཨུའི་ཧྲུའུ་ཅི་གཞོན་པའང་ཐིན་ཀྲང་ཞུས་ཝུན་ཆང་གིས་བཤད་རྒྱུར། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་དགོངས་དོན་གལ་ཆེན་དོན་འཁྱོལ་དང་དངོས་འབེབས་བྱས་ཏེ། ལྗོངས་ཏང་ཨུ་དང་སྲིད་གཞུང་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཇུས་གཞི་བཀོད་སྒྲིག་ལ་དམིགས་ཏེ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མཐུན་སྦྱོར་དང་སྐུལ་འདེད་འོག ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་། སྐྱེལ་འདྲེན་ཕྱོགས་ཡོངས་ནས་མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱས། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བསྡུས་པའི་ཚུན་ལ། “ཞིང་སྡེའི་གཞུང་ལམ་བཞི་ལེགས་ཅན”འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། ལྗོངས་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁབ་ཕུ་ཐག་ཆོད་པ་ལེན་པར་སྐུལ་འདེད་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་འབྱུང་བར་ཕན་ནུས་གལ་ཆེན་བཏོན་ཡོད་ཟེར།
ལམ་དྲའི་སྒྲིག་གཞི་ལ་ལེགས་བཅོས་ཆེན་པོ་བྱུང་བ། བོད་ལྗོངས་ཀྱི་ས་ཁོངས་རྒྱ་ཆེ་ཞིང་། དཔལ་འབྱོར་ཅུང་རྗེས་ལུས་ཡིན་ཏེ། རང་བྱུང་ཆ་རྐྱེན་རྙོག་འཛིང་ཆེ་ལ་ལོ་རྒྱུས་ཀྱི་ཆད་དངུལ་ཅུང་མང་བ་རེད། 2015ལོའི་ལོ་མཇུག་བར་དུ། ལྗོངས་ཡོངས་སུ་རྫོང9ལ་སྣུམ་ལམ་བཏང་མེད་པ་དང་། ཤང་གྲོང2དང་སྲིད་འཛིན་གྲོང་ཚོ230ལ་གཞུང་ལམ་མེད། ཤང་གྲོང་དང་སྲིད་འཛིན་གྲོང་ཚོའི་ལ་ཨར་ལམ་བཏང་བའི་བསྡུར་གྲངས45.9%དང16.8%མ་གཏོགས་མེད། མིག་སྔར། ལྗོངས་ཡོངས་ཀྱི་རྫོང་མཁར་ཡོངས་ལ་སྣུམ་ལམ་བཏང་ཡོད་ཅིང་། 99.8%ཡི་ཤང་གྲོང་དང99.9%ཡི་སྲིད་འཛིན་གྲོང་ཚོ་ལ་གཞུང་ལམ་བཏང་། 86.4%ཡི་ཤང་གྲོང་དང61.4%ཡི་སྲིད་འཛིན་གྲོང་ཚོ་ལ་ཨང་ལམ་བཏང་། ད་ལོའི་ལོ་མཇུག་བར་དུ། འཛུགས་སྐྲུན་བྱེད་བཞིན་པའི་ཞིང་སྡེའི་གཞུང་ལམ་ལས་གཞི་ཡོངས་རྫོགས་ལེགས་འགྲུབ་འབྱུང་རྗེས། ལྗོངས་ཡོངས་ཀྱི95%ཤང་གྲོང་དང75%སྲིད་འཛིན་གྲོང་ཚོ་ལ་ཨར་ལམ་གཏོང་ཐུབ་པས། 2015ལོའི་ལོ་མཇུག་དང་བསྡུར་ན་སོ་སོར་བརྒྱ་ཆའི་ཆ49.1དང58.2ཇེ་མཐོར་སོང་ཡོད།
དོ་དམ་ཆུ་ཚོད་མངོན་གསལ་གྱིས་མཐོར་འདེགས་བྱུང་བ། ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡོངས་རྫོགས་ལ་ཞིང་སྡེ་གཞུང་ལམ་གྱི་དོ་དམ་ལས་ཁུངས་འཐུས་ཚང་དུ་བཏང་སྟེ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་སྡེའི་གཞུང་ལམ་བཞི་ལེགས་ཅན་འཛུགས་སྐྲུན་གཙོ་གཞི་འགན་འཁྲི་སྔར་ལས་དངོས་འབེབས་བྱས། ཉིང་ཁྲི་གྲོང་ཁྱེར་གྱི་སྣང་རྫོང་དང་། ལྷོ་ཁ་གྲོང་ཁྱེར་གྱི་འཁྱོངས་རྒྱས་རྫོང་། གཞིས་ཀ་རྩེ་གྲོང་ཁྱེར་གྱི་གཞད་མཐོང་སྨོན་རྫོང་བཅས་ལ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་རྒྱལ་ཡོངས་ཀྱི“ཞིང་སྡེའི་གཞུང་ལམ་བཞི་ལེགས་ཅན”གྱི་དཔེ་སྟོན་རྫོང་དུ་འདེམས། ལྷ་ས་གྲོང་ཁྱེར་གྱི་སྟོད་ལུང་བདེ་ཆེན་ཆུས་དང་། ནག་ཆུ་གྲོང་ཁྱེར་གྱི་དཔལ་མགོན་རྫོང་སོགས་རྫོང9རང་སྐྱོང་ལྗོངས་ཀྱི“ཞིང་སྡེའི་གཞུང་ལམ་བཞི་ལེགས་ཅན”གྱི་དཔེ་སྟོན་རྫོང་དུ་འདེམས།
བདག་སྐྱོང་ཆུ་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་། མིག་སྔའི་བར་དུ། ཞིང་སྡེའི་གཞུང་ལམ་བདག་སྐྱོང་བྱས་པའི་ལམ་ཐག་སྤྱི་ལེ70746ལ་སླེབས་པ་དང་། ལོ་ལྔའི་རིང་སྤྱི་ལེ14176ཇེ་མང་དུ་སོང་ལ། བདག་སྐྱོང་བྱེད་ཚད82%ལ་སླེབས། ལོ་ལྔའི་རིང་ལ། བོད་ལྗོངས་ནོར་སྲིད་ཀྱིས་བསྡོམས་པས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར9.66བཀོད་སྒྲིག་བྱས་ཏེ། ཞིང་སྡེའི་གཞུང་ལམ་བདག་སྐྱོང་བྱ་བར་ཆེད་དུ་རྒྱབ་སྐྱོར་བྱས། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར35.63བཏང་སྟེ། ཞིང་སྡེའི་གཞུང་ལམ་གྱི་ཉེན་ཡོད་ཟམ་པ277དང་ཡན་སྨི12360བསྒྱུར་བཀོད་བྱས་ལ། ཚེ་སྲོག་བདེ་འཇགས་འགོག་སྲུང་ལས་གཞི་སྤྱི་ལེ20894ལག་བསྟར་བྱས་པས། ཞིང་སྡེའི་གཞུང་ལམ་བདེ་འཇགས་ཤར་བགྲོད་ནུས་ཤུགས་ལ་མངོན་གསལ་གྱིས་མཐོར་འདེགས་བྱུང་།
དབུལ་ཐར་མཁྲེགས་གཏོར་ལ་འདེགས་སྐྱོར་ནུས་ལྡན་བྱས། ལོ་ལྔའི་རིང་ལ། བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས“ཞིང་སྡེའི་གཞུང་ལམ་བཞི་ལེགས་ཅན”གྱི་འཛུགས་སྐྲུན་ཁྲོད། དཀའ་སྤྱད་དངོས་སྒྲུབ་བྱས་པ་བརྒྱུད། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལེགས་པོ་དང་། དོ་དམ་ལེགས་པོ། བདག་སྐྱོང་ལེགས་པོ། འཁོར་སྐྱོད་ལེགས་པོ་བྱེད་པར་དམིགས་འབེན་དུ་བརྩིས་ནས། གཞུང་ལམ་འགྲིམ་འགྲུལ་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་བཅོས་བྱུང་ཞིང་། བོད་ལྗོངས་ཀྱི་མཛེས་སྡུག་གྲོང་ཚོ་འཛུགས་སྐྲུན་དང་། གནས་སྐོར་ལས་རིགས་འཕེལ་རྒྱས། དངོས་ཟོག་འཁོར་རྒྱུག་ལས་རིགས་རྒྱུན་སྲིང་བཅས་ལ་སྣེ་ཁྲིད་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་དང་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་ལ་འགྲིམ་འགྲུལ་འགན་སྲུང་དང་བདག་སྐྱོར་འདོན་སྤྲོད་བྱས། མིག་སྔའི་བར་དུ། ལྗོངས་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ལས་གཞིས་བསྡོམས་པས་རོང་འབྲོག་མང་ཚོགས་ཁྲི54.7ལས་ཞུགས་སྤོ་སྒྱུར་བྱེད་པར་བསྡུ་ལེན་བྱས་པ་དང་། མང་ཚོགས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར137.2འཕར་སྣོན་བྱུང་བར་རོགས་སྐྱོར་བྱས་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱི་རྫོང(ཆུས)74ཡི་སྲིད་འཛིན་གྲོང་ཚོ2050ཡོངས་རྫོགས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས།